མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར70ལྷག་ལ་སླེབས་པ་དེ་དུས་མཉམ་ལས15.6%འཕར།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-18 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་བརྟན་རླིང་ཁྲོད་ཡར་རྒྱས་བརྩོན་ལེན་དང་། བཟང་པོའི་ཁྲོད་མགྱོགས་པ་བརྩོན་ལེན་བྱེད་པའི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ལྟེ་གནས་གྲོང་ཁྱེར་གྱི་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ། འཐབ་ཇུས་ཆེན་པོ་ལྔ་ལག་བསྟར་བྱས་པ་བརྒྱུད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བར་འགོ་ཡག་པོ་བཙུགས། དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར70ལྷག་ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས15.6%འཕར།

དུས་ཚིགས་དང་པོར་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཆེན་པོ་བྱུང་བའི་སྐུལ་ཁྲིད་འོག ལྷ་ས་གྲོང་ཁྱེར་གྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར11.5ལ་སླེབས་པ་དང་དུས་མཉམ་ལས35.6%འཕར་ཡོད་ལ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར20.18བཏང་བ་དང29%འཕར། སྤྱི་ཚོགས་མཛད་སྤྱོད་ཚོང་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར38.4ལ་སླེབས་པ་དང15.2%འཕར། གྲོང་རྡལ་སྡོད་དམངས་ཀྱི་སྤྱོད་ཆོག་པའི་ཡོང་སྒོ་སྒོར5250ལ་སླེབས་པ་དང8.4%འཕར། རོང་འབྲོག་པའི་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར1480ལ་སླེབས་པ་དང20.3%འཕར། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2%ཡི་ནང་ཚོད་འཛིན་བྱས་ནས། གྲོང་ཁྱེར་ཡོངས་སུ་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་རྒྱས། གནས་བབ་བརྟན་རླིང་། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་གནས་བབ་ཡག་པོ་མངོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག