མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྣམ་གྲངས་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-17 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྣམ་གྲངས་དེ་རྒྱ་མཚོ་གཞུང་ཤང་སྦེ་ཙག་གྲོང་ཚོ་རུ་དངོས་སུ་སྤེལ་འགོ་བརྩམས་ཤིང་། རྣམ་གྲངས་འདི་སྤེལ་འགོ་བརྩམས་པ་ལས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ས་གནས་དེའི་མང་ཚོགས་རྣམས་ཀྱིས་ཐོན་སྐྱེད་བྱེད་སྟངས་སྒྱུར་བཅོས་བྱས་ཏེ་ཡོང་སྒོ་འཕར་སྣོན་བྱུང་བའི་ཐབས་ལམ་གསར་བ་རྙེད་པར་སྣེ་ཁྲིད་བྱེད་ཐུབ། དེ་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ནང་དོན་གཙོ་བོ་ཞིག་ཀྱང་ཡིན།

རྒྱུས་ལོན་པ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་ཁྲི200བཏང་བ་དང་། དེ་ནི་ཆིན་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་སྐོར་ཐེངས་བདུན་པའི་གཏན་ཁེལ་བྱས་པའི2014ལོའི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་དཔེ་སྟོན་རྣམ་གྲངས་ཀྱི་ནང་གསེས་ཤིག་ཡིན་ཏེ། འཆར་གཞི་ལྟར་ན་ད་ལོའི་ཟླ11པར་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག