མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྗོངས་ཡོངས་ཀྱི་2014ལོའི“ཚན་རྩལ་གཤམ་སྤེལ”གྱི་བྱེད་སྒོ་ སྤེལ་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་རི་བོ་ཆེ་རྫོང་དུ་ལྗོངས་ཡོངས་ཀྱི་2014ལོའི“ཚན་རྩལ་གཤམ་སྤེལ”གྱི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་ཚན་རྩལ་ཤེས་བྱ་ཁྱབ་གདལ་དང་ཞིང་འབྲོག་ལས་དངོས་སྤྱོད་ལག་རྩལ་ཁྱབ་སྤེལ་བཏང་བ་རེད།

    རི་བོ་ཆེ་རྫོང་དུ་བརྟག་ཞིབ་གནང་བཞིན་པའི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་རེད།

    ཐེངས་འདིའི“ཚན་རྩལ་གཤམ་སྤེལ”གྱི་བྱེད་སྒོ་དང་ཆབ་མདོས་ཞིང་འབྲོག་ལས་དངོས་སྤྱོད་ལག་རྩལ་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཐོན་འབབ་མཐོ་བའི་ནས་འདེབས་འཛུགས་དང་། ཚན་རིག་ལ་བརྟེན་ནས་སྒོ་ཕྱུགས་གསོ་སྤེལ་ཐད་ཀྱི་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ཏེ་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཚན་རྩལ་མཛུབ་ཁྲིད་དང་གནས་ཚུལ་འདྲི་རྩད་ཞབས་ཞུ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་དངོས་སྤྱོད་ལག་རྩལ་དང་རྩལ་ནུས་གསོ་སྦྱོང་བྱས་ཤིང་། ཞིང་འབྲོག་མང་ཚོགས་མང་པོ་ཞིག་གི་ཚན་རྩལ་ཁྱབ་གདལ་འགྲེམས་པང་ལ་བལྟས་ནས་ཚན་རྩལ་ཁྱབ་གདལ་གྱི་དཔྱད་གཞི་ལེན་པ་དང་། ཆེད་ལས་མཁས་པས་ས་གནས་ས་ཐོག་ཏུ་འཆད་ཁྲིད། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱས་པ་རེད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ད་དུང་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་གནམ་བཀྲ་གྲོང་ཚོ་དང་། བྲག་རི་གྲོང་ཚོ། རྫོང་ལུང་གྲོང་ཚོ་བཅས་སུ་ཚན་རིག་ཁྱབ་གདལ་བྱེད་སྒོ་ཁང་བསྐྲུན་ཏེ་བརྙན་འཕྲིན་དང་། གློག་ལས། སྒྲ་སྐྱེད་སོགས་སྒྲིག་ཆས་དང་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་བཀོད་སྒྲིག་བྱས་པ་དང་། གཞི་རིམ་གྱི་ཚན་རྩལ་མི་སྣ་དང“མི་སྣ་རྒན་གྲས་གསུམ”ལ་འཚམས་འདྲི་བྱས་པ་དང་འབྲེལ་རི་བོ་ཆེ་གྲོང་རྡལ་ལ་ཚན་རིག་ཁྱབ་གདལ་གཏོང་ཆེད་ཀྱི་དངུལ་སྒོར་ཁྲི་6སྤྲད་པ་བཅས་རེད།(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ཀུན་བསོད་ཀྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག