མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཕན་ཚུན་རོགས་རམ་བྱས་ནས་མཉམ་དུ་ཕྱུག་པོའི་ལམ་དུ་བསྐྱོད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2012ལོར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་སྒྲོལ་མ་མི་རིགས་སྲོལ་རྒྱུན་གྱོན་ཆས་བསླས་འཐག་བཟོ་གྲྭ་དང་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དྲུག་བརྒྱ་གྲོང་ཚོའི་བལ་གསེད་ལས་སྣོན་མཉམ་ལས་ཁང་གཉིས་བཙུགས་པ་དེས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་རྣམས་ལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་བསྐྲུན་ཞིང་། སྒྲོལ་མ་བསླས་འཐག་བཟོ་གྲྭས་ཁྲོམ་རའི་དགོས་མཁོ་དང་ཡུལ་སྐོར་གྱི་ཁྱད་ཆོས་ལ་གཞིགས་ནས་རྒྱུ་སྤུས་དག་པའི་སྣམ་བུ་དང་། ཚེ་རིང་སྐྱིན་ཁེབས། ཟོན་པ། པང་གདན་སོགས་གཙོ་བོར་ཐོན་སྐྱེད་བྱེད་ཀྱི་ཡོད། ད་དུང་བཟོ་གྲྭ་དེས་མི་རིགས་བསླས་འཐག་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ས་གནས་དེ་གའི་བུད་མེད་དབུལ་པོ་ཁྱོན་20ལ་གསོ་སྦྱོང་བྱས་ནས་ཁོ་ཚོ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ་རེད། མི་གཅིག་ཕྱུག་པོ་ཆགས་པར་ཧ་ལས་རྒྱུ་མེད། ཚང་མ་ཕྱུག་པོར་གྱུར་ན་དངོས་གནས་ཀྱི་ཕྱུག་པོ་ཡིན་ཞེས་དྲུག་བརྒྱ་གྲོང་ཚོའི་བལ་གསེད་ལས་སྣོན་མཉམ་ལས་ཁང་གི་འགན་ཁུར་བ་སྒྲོལ་མས་བཤད། ཁོང་གིས་མིག་སྔར་མཉམ་ལས་ཁང་དེར་ལས་མི་52ཡོད་པ་ཚང་མ་ནི་གྲོང་ཚོ་འདི་ནས་ཡིན་ཞེས་བཤད།

འདི་ནི་སྒྲོལ་མ་བསླས་འཐག་བཟོ་གྲྭའི་ལས་མིས་ཕྱུ་པ་འཚེམ་བཞིན་པའི་གནས་ཚུལ་ཡིན་པ།

འདི་ནི་དྲུག་བརྒྱ་བལ་གསེད་ལས་སྣོན་མཉམ་ལས་ཁང་གི་ལས་མིས་འཁོར་ཁང་དུ་བལ་གྱི་ཕོ་ཁེབས་བཟོ་བཞིན་པའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག