མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སར་དུས་ཚིགས་དང་པོར་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་9.37བྱུང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཁོངས་གཏོགས་ཀྱིས་ཁྲལ་བསྡུའི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་།བསྡུ་ལེན་དོ་དམ་ལ་ཤུགས་སྣོན་རྒྱག་པ།ཁྲལ་འཇལ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པས་ཁྲལ་བསྡུའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱུང་ཞིང་།དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་ཡོང་འབབ་ཁག་སྒོར་དུང་ཕྱུར་9.37མཛོད་འཇུག་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་འབབ་འཕར་སྒོར་དུང་ཕྱུར་2.21བྱུང་བ་དང་དུས་མཚུངས་ལས་30.96%འཕར་ནས་ལོ་ཧྲིལ་པོའི་འབད་འཐབ་དམིགས་ཚད་ཀྱི་23.42%ལེགས་གྲུབ་བྱུང་ཡོད་པ་རེད།

    དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱུང་ནས་ཁྲལ་བསྡུ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་པ་དང་ཁྲལ་བསྡུའི་ཡོང་འབབ་ཀྱང་བརྟན་པོའི་ངང་འཕར་ཡོད།འདི་ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཁྲལ་རིགས་ཆེ་གྲས་བཞིའི་བསྡོམས་འབོར་བསྡུར་གྲངས་86.86%ཟིན་ནས་གཙོ་གཟུགས་གནས་བབ་བརྟན་པོ་བྱུང་ཡོད།གཙོ་གནད་ཁེ་ལས་སོགས་རྒྱུ་རྐྱེན་གྱི་སྣེ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་མི་སྒེར་གྱི་ཐོབ་ཁྲལ་སྒོར་དུང་ཕྱུར་2.49མཛོད་འཇུག་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་འབབ་འཕར་སྒོར་ཁྲི་2006.6བྱུང་བ་དང་དུས་མཚུངས་ལས་8.74%འཕར་ནས་སྤྱི་འབོར་དེ་ཁྲལ་རིགས་ཁག་གི་ཨང་དང་པོར་སླེབས་པ་དང་བསྡུར་གྲངས་26.66%ཟིན་ཡོད།གཙོ་གཟུགས་ལས་རིགས་ཆེ་གྲས་གཉིས་ཀྱི་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་དང་བསྡུར་གྲངས་60%བཟུང་ཞིང་།གྲོང་ཁྱེར་ཡོངས་ཀྱི་ཁྲལ་བསྡུ་དེ་གཙོ་བོ་སྡེབ་ཚོང་དང་སིལ་ཚོང་ལས་རིགས་དང་དེ་བཞིན་བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་གཙོ་བོ་གཉིས་ལ་བརྟེན་པ་དང་གྲོང་ཁྱེར་ཡོངས་ཀྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་ཡོང་འབབ་ཁག་སྒོར་དུང་ཕྱུར་2.82ཟིན་ནས་དུས་མཚུངས་ལས་འབབ་འཕར་སྒོར་དུང་ཕྱུར་1.5བྱུང་བ་དང་འཕར་ཚད་113.52%ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྤྱི་འབོར་གྱི་30.17%བཟུང་བ་དང་།བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་ཡོང་འབབ་ཁག་སྒོར་དུང་ཕྱུར་2.8ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་འབབ་འཕར་སྒོར་དུང་ཕྱུར་1.4བྱུང་བ་དང་འཕར་ཚད་103.16%ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྤྱི་འབོར་གྱི་29.93%བཟུང་ཡོད་པ་རེད།

    བསྡུ་ལེན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཁྲལ་བསྡུའི་ཡོང་འབབ་འཕར་བའི་ཐབས་ལམ་གཙོ་བོ་དང་འགན་ལེན་བརྟན་པོ་ཞིག་ཡིན་ཞིང་།དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་གི་ཁྲལ་དོན་ཅུས་ཀྱིས་ཚོང་དོན་ཁེ་ལས་དང་།ཙག་ཙིག་ཚོང་ཁང་།འཁོར་རིགས་ཉོ་སྒྲུབ་བཅས་ཀྱི་དཔྱ་ཁྲལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲལ་བསྡུའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་ཡོད།དེའི་ཁྲོད་ནས་རྫོང་གཉིས་ཀྱི་ཁྲལ་དོན་ཅུས་དང་དེ་བཞིན་གྲོང་ཁྱེར་དང་ཆུས་ཀྱི་ཡན་ལག་ཁྲལ་དོན་ཅུས་གཉིས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་བསྡུར་གྲངས་ཀྱི་70%བཟུང་བ་དང་སྟོད་ལུང་བདེ་ཆེན་རྫོང་ཁྲལ་དོན་ཅུས་ཨང་དང་པོར་སླེབས་ཡོད།ཚན་པ་ཁག་གི་ཁྲལ་བསྡུའི་ཡོང་འབབ་ཀྱི་སྤྱི་འབོར་ཐོག་ནས་བལྟས་ཚེ།སྟོད་ལུང་བདེ་ཆེན་རྫོང་ཁྲལ་དོན་ཅུས་ཨང་དང་པོར་སླེབས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་ཀྱི་བསྡུར་གྲངས་བཟུང་ཚད་35.9%ཟིན་པ་མ་ཟད།བསྡུར་གྲངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་རེད།གཙོ་གནད་ཁེ་ལས་ནི་ཁྲལ་བསྡུའི་ཡོང་འབབ་ཀྱི་གཙོ་ཤུགས་དམག་ཅིག་ཡིན་ཞིང་།དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཡོང་འབབ་ཁག་སྒོར་དུང་ཕྱུར་9བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་འབབ་འཕར་སྒོར་དུང་ཕྱུར་2.2བྱུང་བ་དང་དུས་མཚུངས་ལས་32.5%འཕར་བ་དང་བསྡུར་གྲངས་96.24%ཟིན་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲལ་བསྡུའི་ཡོང་འབབ་ཀྱི་གནས་བབ་བརྟན་པོ་བྱུང་ཡོད།གྲོང་ཁྱེར་ཡོངས་སུ་དཔྱ་ཁྲལ་སྒོར་ཁྲི་ཚོ་སྟོང་ཡན་འཇལ་མཁན་ཁེ་ལས་12ཟིན་པ་དང་ཁྱོན་དཔྱ་ཁྲལ་སྒོར་དུང་ཕྱུར་3.43འཇལ་ནས་ཁྲལ་བསྡུའི་ཐད་ལེགས་སྐྱེས་འབུལ་ཚད་36.63%ཟིན་ཡོད་པ་རེད།(བཀྲ་ཤིས་ཀྱིས་བསྒྱུར། བཀྲ་ཤིས་དང་རིག་རྡོར་གྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག