མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་གི་བརྙན་འཕྲིན་ཁ་ པར་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་14ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཙེང་དབན་མིང་ལྷ་སའི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་གཞི་ཁྱོན་ཆེ་བ་དང་། དོ་ཁུར་བྱེད་ཤུགས་ཆེ་བ། ལས་ཀའི་དཀའ་གནད་ཆེ་བ་བཅས་ཡོད་པས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ཁྲོམ་རའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་དང་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་སྣེ་ཁྲིད་ཤུགས་ཆེར་བཏང་སྟེ་ལྟ་དོམ་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། ཡུལ་སྐོར་བདེ་འཇགས་ཁྱོན་ཡོངས་ནས་འགན་སྲུང་བྱེད་པ་དང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་ཚད་ཆེ་རུ་བཏང་ཐོག གནད་འགག་ཆེ་ས་དམ་འཛིན་དང་། གཙོ་གནད་མངོན་གསལ་དོད་པོར་འཇོག་པ། འབེན་ཡོད་སར་མདའ་འཕེན་པ་བཅས་བྱས་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་དང་ལམ་སྲོལ་འཐུས་ཚང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་མ་གཏོང་བའི་མཐོ་ཚད་ཐོག་ནས་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་གལ་ཆེ་རང་བཞིན་དང་དགོས་གཏུག་རང་བཞིན་ངོས་འཛིན་གང་ལེགས་བྱས་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་སྟེ་འདི་ལོའི་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་གི་འགག་སྒྲོལ་ལས་ཀ་ལེགས་པར་བསྒྲུབ་རྒྱུར་མཉམ་དུ་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག