མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཡོངས་ཀྱི་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ་འདི་ལོའི་ཟླ་7པར་ འགོ་ཚུགས་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:15

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་15ཉིན་རྒྱལ་ཡོངས་ཀྱི་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ་དང་ས་མིང་དོ་དམ་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་རྒྱལ་ཡོངས་ཀྱི་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་འགོ་ཁྲིད་ཚོགས་ཆུང་རང་ལྗོངས་ཀྱི་ཁོངས་མིའི་ཚན་པ་བོད་ལྗོངས་ཡན་ལག་ཚོགས་རར་ཞུགས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ནང་ས་མིང་དང་དེ་བཞིན་འབྲེལ་ཡོད་ཁོངས་གཏོགས་ཆ་འཕྲིན་གཙང་བཤེར་བྱེད་པ་དང་། ས་ཆ་ཡོད་ཀྱང་མིང་མེད་པ་དང་། ས་མིང་གི་ནུས་པ་ཐོན་ཐུབ་པའི་ས་ཆ་དངོས་ལ་མིང་འདོགས་པ། ཚད་ལྡན་མ་ཡིན་པའི་ས་མིང་ཚད་ལྡན་ངང་ཐག་གཅོད་བྱེད་པ། ཚད་དང་ལྡན་པའི་ས་མིང་ཐོ་འགོད་བྱང་བུ་འཛུགས་པ། རིམ་པ་ཁག་གི་རྒྱལ་ཁབ་ཀྱི་ས་མིང་དང་ཁུལ་དབྱེ་བའི་གཞི་གྲངས་བང་མཛོད་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ས་མིང་ཆ་འཕྲིན་ཅན་གྱི་ཞབས་ཞུ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ས་མིང་ཡོངས་ཁྱབ་ཞིབ་བཤེར་གྱི་ཡིག་ཚགས་བཟོ་བ་བཅས་ཚུད་ཡོད།

    རང་ལྗོངས་ཀྱིས་དུས་རབས་གོང་མའི་ལོ་རབས་80པར་ལྗོངས་ཡོངས་ཀྱི་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོ་བྱས་ཤིང་། ལོ་30ལྷག་ཙམ་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་ས་མིང་གསར་པ་མེད་པ་དང་། ཆ་ཚང་པོ་མེད་པ། ནོར་འཛོལ་བཅས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད། ཐེངས་འདིའི་ས་མིང་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་ཁྱོན་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། ལག་རྩལ་གྱི་བླང་བྱ་མཐོ་བ་བཅས་ཀྱི་གནས་ཚུལ་ལ་དམིགས་ནས་རང་སྐྱོང་ལྗོངས་ཀྱིས་ཉེ་དུས་རྒྱལ་ཡོངས་ས་མིང་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་འགོ་ཁྲིད་ཚོགས་ཆུང་གི་རང་ལྗོངས་ཀྱི་ཁོངས་མིའི་ཚན་པའི་ཚོགས་འདུ་འཚོགས་ཏེ“གཅིག་གྱུར་འགོ་ཁྲིད་དང་། ལས་བགོས་མཉམ་སྒྲུབ། ཐུན་མོང་ཐོག་ཞུགས་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་ཞིབ་ཕྲའི་བཀོད་སྒྲིག་བྱ་རྒྱུ་རེད།(བསྟན་འཛིན་བཟང་མོས་བསྒྱུར། ཀུན་བསོད་ཀྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག