མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-16 11:02

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། 2013ལོར། བོད་ལྗོངས་ཀྱི་ཞིང་ཁའི་ཆུ་བེད་ཆུང་གྲས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར5.9དངོས་སུ་འབྱོར་ཞིང་། དེའི་ནང་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར2.75བཏང་བ་དང་། བོད་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར3.15བཏང་། ན་ནིང་། རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱིས་བསྡོམས་པས་ཞིང་ཆུ་འདྲེན་ཁུལ་གཙོ་བོ8ལ་ཆ་ཚང་སྒྲིག་བཀོད་འཛུགས་སྐྲུན་དང་ཆུ་གྲོན་ཆུང་གི་བཟོ་བཅོས་རྣམ་གྲངས་བཀོད་སྒྲིག་ལག་བསྟར་བྱས་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.72བཏང་ལ། གསར་སྣོན་དང་ལེགས་བཅོས་བྱེད་ཆོག་པའི་ཆུ་འདྲེན་གཞི་ཁྱོན་མུའུ་ཁྲི5.41ལ་སླེབས། དེ་མིན་ལྷོ་ཁའི་ཡར་རླུང་གཙང་པོའི་བྱང་རྒྱུད་ཀྱི་ཞིང་ཆུ་འདྲེན་ཁུལ་གྱི་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱས་ཏེ། འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོ་ནི་ཞིང་ཆུ་འདྲེན་ཁུལ་གྱི་ཞིང་ཁའི་བཟོ་སྐྲུན་ཆ་ཚང་ཡིན་པ་དང་། མ་དངུལ་སྒོར་དུང་ཕྱུར1.4གཤམ་སྤྲོད་བྱས་ཡོད་པ་རེད།

རྒྱུས་ལོན་ལྟར་ན། རང་སྐྱོང་ལྗོངས་ཆུ་བེད་ཐིན་གྱིས་ད་ལོར་ཆུ་བེད་འཛུགས་སྐྲུན་ཐད་ཀྱི་མ་དངུལ་གཏོང་ཚད་དང་གཞི་ཁྱོན་སྔར་བས་ཇེ་བརྟན་དུ་བཏང་ནས། རྒྱལ་ཁབ་ཀྱི་ཆུ་བེད་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར35དོན་འཁྱོལ་ཐུབ་པར་བརྩོན་ལེན་བྱས་ཏེ། ཆུ་བེད་ཐད་ཀྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར45ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི30དང་། རྩྭ་རའི་ཆུ་གཏོང་བའི་རྒྱ་ཁྱོན་མུའུ་ཁྲི5ཇེ་མང་དུ་གཏོང་རྒྱུ་དང་ལེགས་བཅོས་བྱ་རྒྱུ་ཡིན་པ་རེད།

ཉེ་བའི་ལོ་འགའི་རིང་ལ། ཆུ་བེད་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་པར་བརྒྱུད། བོད་ལྗོངས་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་ཆས་རྗེས་ལས་ཡིན་པའི་རྣམ་པ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་མ་ཟད། རོང་འབྲོག་པའི་འཚོ་བའ་སྤུས་ཚད་ཀྱང་ཇེ་མཐོར་སོང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག