མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི2014ལོའི་ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་འགོ་བརྩམས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས12ཉིན། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིན་དང་། ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་བོད་ལྗོངས་ཀྱི2014ལོའི་ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་རི་བོ་ཆེ་རྫོང་དུ་སྤེལ་བ་དང་། ཐེངས་འདིའི་བྱ་འགུལ་ཀྱི་བརྗོད་བྱ་གཅོ་བོ་ནི་རོང་འབྲོག་པར་ཚན་རྩལ་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ཞིང་ཕྱུགས་ལས་ཐད་སྤྱོད་པའི་ལག་རྩལ་དར་སྤེལ་གཏོང་རྒྱུ་དེ་ཡིན།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས“ཚན་རྩལ་གཞི་རིམ་དུ་བསྐྱོད་པ”དང་། “ཚན་རྩལ་བྱ་འགུལ་གཟའ་འཁོར། ”“ཚན་རྩལ་སྲང་ལམ་རེར་ཁྱབ་པ”སོགས་ཀྱི་བྱ་འགུལ་མང་པོ་སྤེལ་ཏེ།། ཚན་རིག་ལ་དགའ་བ་དང་། ཚན་རིག་གླེང་བ། ཚན་རིག་སྦྱང་བ་དང་། ཚན་རིག་སྤྱོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་པ་ལས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། རོང་འབྲོག་པ་སྐོར་ཞིག་ས་གནས་དེའི་ཚན་རྩལ་ལ་བརྟེན་ནས་ཕྱུག་སྒྱུར་གྱི་ལམ་དུ་བསྐྱོད་པའི་སྣེ་ཁྲིད་མི་སྣ་རུ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག