མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རྐང་འཁོར་བཞོན་པའི་ཉེན་རྟོག་རུ་ཁག་ཐོག་མས་ཟངས་རིར་སྐོར་གཡེང་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-16 10:31

འདི་ནི་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་རྐང་འཁོར་ཉེན་རྟོག་རུ་ཁག་གིས་ཁྲོམ་གཞུང་དུ་སྐོར་གཡེང་བྱེད་པའི་གནས་ཚུལ་ཡིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་10ཉིན་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པས་སྤྱོད་པའི་རྐང་འཁོར་10ཁྲོམ་གཞུང་དུ་སྐོར་གཡེང་བྱས་ཏེ་ལྗོངས་ཡོངས་ཀྱི་རྐང་འཁོར་བཞོན་པའི་ཉེན་རྟོག་རུ་ཁག་ཐོག་མར་གྱུར་པ་རེད།དེ་ནི་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གསར་པ་ཞིག་ཡིན་ལ་ཟངས་རི་རྫོང་གི་འགོག་ཟོན་མ་ལག་འཛུགས་སྐྱོང་ལ་སྔར་བས་སྐུལ་སྤེལ་བྱེད་པ་དང“དམངས་འཚོའི་ཉེན་དོན”གཏོད་པའི་ཐབས་ཇུས་ངོ་མ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།རྐང་འཁོར་བཞོན་པའི་ཉེན་རྟོག་རུ་ཁག་ནི་རྫོང་ཅུས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་རྫོང་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ལས་གྲུབ་པ་དང་མི་གཉིས་ཚོགས་ཆུང་གཅིག་ཏུ་བགོས་ནས་སྐོར་གཡེང་འགོག་ཟོན་བྱེད་ཅིང་།ཁོང་ཚོས་ཉིན་ལྟར་གྲོང་རྡལ་གྱི་ལམ་དུམ་གཙོ་བོ་དང་།བདེ་འཇགས་རྙོག་འཛིང་གི་ས་ཚིགས།ཁྲོམ་གཞུང་བཅས་སུ་སྐོར་གཡེང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་བློ་འདྲི་དང་རོགས་སྐྱོར་ག་དུས་ཡིན་ཡང་དང་ལེན་བྱེད་ཀྱི་ཡོད།ཁྲོམ་གཞུང་གི་རྐང་འཁོར་བཞོན་པའི་ཉེན་རྟོག་པས་ཉེས་གསོག་གཏན་འགོག་བྱེད་པ་དང་དུས་མཚུངས་ད་དུང་ཡུལ་དངོས་སུ་རྩོད་གཞི་འདུམ་རྒྱུར་འགན་འཁུར་བ་དང་།འགྲིམ་འགྲུལ་ཉེན་རྟོག་པར་གཞོགས་འདེགས་ཀྱིས་འགྲིམ་འགྲུལ་སྒྲིག་སྲོལ་སྲུང་སྐྱོང་དང་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད་པ་རེད།

    ཟངས་རི་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཚུའེ་ཅན་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།རྐང་འཁོར་བཞོན་པའི་ཉེན་རྟོག་རུ་ཁག་བཙུགས་ཚུན་གནོད་མེད་འགྲིམ་འགྲུལ་དང་ཐཱན་ཉུང་འགྲུལ་སྐྱོད་དངོས་གནས་བྱེད་ཐུབ་པ་དང་།ཁྲོམ་དུ་ཉེན་རྟོག་པ་མང་དུ་སོང་བ།མང་ཚོགས་ཀྱི་འབྲེལ་གཏུག་སྟབས་བདེ་བ།ཉེན་དམངས་བར་ཐག་ཉེ་རུ་ཕྱིན་པ་བཅས་བྱུང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག