མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས་ཆབ་མདོར་སློབ་གསོ་དང་མང་ཚོགས་ལས་དོན་ལ་བརྟག་ཞིབ་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་10ནས་12ཉིན་བར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཏེ་ལིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཆབ་མདོ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་རི་བོ་ཆེ་རྫོང་དུ་བརྟག་ཞིབ་གནང་བ་རེད།

    ཆབ་མདོ་ལས་རིགས་ལག་རྩལ་སློབ་གྲྭར་ཆབ་མདོའི་སློབ་གསོ་ལས་དོན་གནས་ཚུལ་གྱི་སྙན་ཞུ་གསན་རྗེས་བརྟག་ཞིབ་ཚོགས་ཆུང་གིས། རྒྱ་ཆེའི་དགེ་རྒན་དང་ལས་བཟོའི་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་བཏང་སྟེ་ཁྲོམ་རའི་དགོས་མཁོ་སྣེ་ཁྲིད་དུ་བྱེད་པ་དང་། ལས་ཞུགས་དམིགས་ཚད་དུ་བྱེད་པ། སྣ་མང་སློབ་གཉེར་གྱི་ཐབས་ཤེས་རྨང་གཞིར་བྱེད་པ། དཔལ་འབྱོར་གྲུབ་ཆ་འཕེལ་རྒྱས་དང་འགྱུར་ལྡོག་གཏོང་རྒྱུ་གཞི་འཛིན་ས་བཅས་སུ་བྱས་ཏེ་སློབ་མའི་ཡོང་ཁུངས་དང་། སློབ་རིམ་འཕར་བ། ལས་ཞུགས་བཅས་ཕྱོགས་གསུམ་གྱི་ཐད་བསམ་གཞིག་བྱས་ནས་ལས་རིགས་སློབ་གསོ་དེ་གནས་བབ་གསར་པ་དང་བླང་བྱ་གསར་པ་དང་ཧུར་ཐག་འཚམ་པ་བྱས་ཏེ“དྲུག་ལྡན་ཆབ་མདོ”འཛུགས་སྐྲུན་ལ་ཚད་དང་མཐུན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    རི་བོ་ཆེ་གྲོང་རྡལ་ལྟག་སྒོ་གྲོང་ཚོར་བརྟག་ཞིབ་ཚོགས་ཆུང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་སྤེལ་ཚུལ་ཞིབ་ཕྲ་འདྲི་བ་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པས་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་བཏང་ནས་ལུས་ཚུགས་པ་དང་རྩ་བ་ཚུགས་པ་བྱས་ཏེ་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། མང་ཚོགས་ཁྲོད་ནས་བློ་གྲོས་ཐོབ་པ་བྱས་ཐོག་གཞི་རིམ་དུ་སྦྱོང་བརྡར་དང་འཚར་ལོངས་ཡོང་བའི་སྐུལ་མ་བཏང་བ་དང་། བརྟག་ཞིབ་ཚོགས་ཆུང་གིས་རི་བོ་ཆེ་གྲོང་རྡལ་རྒན་གསོ་ཁང་དུ་རྒན་རྒོན་རྣམས་ཀྱི་གཟུགས་པོའི་གནས་ཚུལ་དང་རྒན་གསོ་ཁང་དུ་ལྷག་པའི་དཀའ་ངལ་ཞིབ་ཕྲ་དྲིས་པ་རེད།(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ཀུན་བསོད་ཀྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག