མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱི་སྐབས་དང་པོའི་འབུམ་རམས་པའི་སློབ་མ་བསྡུ་བའི་ཡིག་རྒྱུགས་མཇུག་འགྲིལ་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་བོད་ལྗོངས་སློབ་ཆེན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི་བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་བའི་ལོ་དང་པོ་ཡིན་པ་དང་། མིག་སྔར་སྐབས་དང་པོའི་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་བའི་ཡིག་ཚད་མཇུག་འགྲིལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་ཀྱི་མིང་ཐོ་འགོད་མཁན་81བྱུང་ཡང་དངོས་སུ་ཡིག་རྒྱུགས་གཏོང་མཁན་43ནང་ནས་9བསྡུ་རྒྱུ་ཡིན། ཟླ་3ཚེས་27ནས་ཟླ་3ཚེས་31ཉིན་བར་བོད་ལྗོངས་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང《བོད་ལྗོངས་སློབ་ཆེན་གྱི2014ལོའི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་ཚད་དང་དེ་བཞིན་ཡིག་རྒྱུགས་བསྐྱར་མའི་སློབ་བསྡུའི་བྱ་ཐབས》སོགས་ལ་ནན་པོར་གཞིགས་ནས། འདྲ་མཉམ་དང་། དྲང་བདེན། ཡོངས་བསྒྲགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་སྐབས་དང་པོའི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཡིག་ཚད་ཀྱི་ལས་དོན་ཁག་བདེ་བླག་ངང་མཇུག་འགྲིལ་བ་རེད། རྗེས་སུ་བོད་ལྗོངས་སློབ་ཆེན་གྱིས་སློབ་མའི་ཡིག་རྒྱུགས་དང་། མི་བབ་སྤྱན་ཞུ། ལུས་པོར་བརྟག་དཔྱད། བསམ་བློ་ཀུན་སྤྱོད་སོགས་ཁག་གི་དཔྱད་ཞིབ་འབྲས་བུར་གཞིགས་ནས་སློབ་བསྡུའི་མིང་ཐོ་བཟོས་ཏེ་སློབ་གྲྭའི་དྲ་ངོས་གཙོ་བོའི་ཐོག་སྟོན་རྒྱུ་མ་ཟད། རང་སྐྱོང་ལྗོངས་ཡིག་ཚད་ཁང་དང་སློབ་གསོ་པུའུ་ཡི་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་སློབ་བསྡུའི་བརྡ་ཐོ་གཏོང་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག