མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷུན་གྲུབ་རྫོང་གིས། གྲོང་དཔོན་སྒྲིག་འཛུགས་བྱས་ནས་དགོངས་དོན་ སློབ་སྦྱོང་དང་སེམས་ཤུགས་འཕེལ་བ་བྱེད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:52

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ལྷུན་གྲུབ་རྫོང་སྡེ་ཨུད་ཀྱིས་ཤང་དང་གྲོང་རྡལ་ཁག་གི་སློབ་ཆེན་ཐོན་པའི་གྲོང་དཔོན་སྒྲིག་འཛུགས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་ཆེན་ཐོན་པའི་གྲོང་དཔོན་ཀྲང་ཀོང་ཤིའུ་ལ་ཡིག་ལན་གནང་བའི་དགོངས་དོན་སློབ་སྦྱོང་བྱས་ནས་རྫོང་ཡོངས་ཀྱི་སྡེ་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་པ་དང་། ལྷག་པར་དུ་སློབ་ཆེན་ཐོན་པའི་གྲོང་དཔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། གཞི་རིམ་ལ་དགའ་ཞེན་དང་གཞི་རིམ་ལ་གཞི་བཙུགས་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཞིང་པར་ཕན་པ་ཐོབ་པ་དང་ལང་ཚོར་འགྱོད་པ་མེད་པའི་ཕུགས་བསམ་དང་དད་སེམས་ཀྱི་ཐོག་ནས་ཤེས་རྒྱ་ཆེ་རུ་དང་འཇོན་ཐང་ཆེ་རུ་བཏང་སྟེ་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།

    སློབ་སྦྱོང་གི་བྱེད་སྒོ་སྤེལ་རིང་སློབ་ཆེན་ཐོན་པའི་གྲོང་དཔོན་དང་སྡེ་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་པའི་འཐུས་མིས་གཅིག་མཇུག་གཉིས་མཐུད་ངང་གཏམ་བཤད་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སྐུ་ངོ་མས་སློབ་ཆེན་ཐོན་པའི་གྲོང་དཔོན་ལ་ཡིག་ལན་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་དམངས་དང་ཉེ་བ་དང་དམངས་ལ་གཅེས་པ་མཚོན་པ་མ་ཟད། གཞི་རིམ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་དོན་མི་སྣར་ལྕག་སྐུལ་དང་སེམས་གསོ་དེ་བས་རེད། སླད་ཕྱིན་གྱི་ལས་ཀའི་ནང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མངགས་བཅོལ་དང་རེ་སྒུག་བློ་ལ་བརྟན་པོར་ངེས་ནས་དམངས་ཀྱི་ཆེད་དུ་་དོན་དངོས་དང་དོན་བཟང་སྒྲུབ་དགོས་ཞེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག