མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འདམ་གཞུང་རྫོང་འཕྲོད་བསྟེན་ཅུས་ཀྱིས་སྐྱ་གྲིབ་ཕོག་པའི་ནད་པ་གདམ་གསེས་དང་འོས་འགན་སྨན་བཅོས་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:52

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་མཐའ་དག་མང་ཚོགས་ཀྱི་ཆེད་དུ་ཡིན་པའི་རྩ་དོན་ལ་དམིགས་ནས་ས་བབ་མཐོ་བ་དང་། སྨུག་ཕྱིའི་འོད་ཟེར་ཆེ་བ། ལྷགས་པ་རྒྱག་ཡུན་རིང་བ་སོགས་རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པའི་འདམ་གཞུང་རྫོང་གི་མང་ཚོགས་ཚོའི་མིག་ནད་བཅོས་ཆེད། ཉེ་ཆར་རྫོང་དེའི་འཕྲོད་བསྟེན་ཅུས་ཀྱིས་ཕྱོགས་མང་པོ་དང་འབྲེལ་གཏུག་བྱས་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་མིག་ནད་ཚན་ཁག་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་སྐྱ་གྲིབ་ཕོག་པའི་ནད་པ་གདམ་གསེས་དང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོར་འདམ་གཞུང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། རྫོང་དེའི་ཤང་6དང་གྲོང་རྡལ་2ནས་མིག་ནད་ཕོག་པའི་ནད་པ་དང་། རྒན་གསོ་ཁང་གི་རྒན་འཁོགས། དེ་བཞིན་རྒྱུན་སྡོད་འདམ་གཞུང་རྫོང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ལས་བཟོ་བཅས་ཁྱོན་མི་གྲངས་168ལ་འདམ་གཞུང་རྫོང་མི་དམངས་སྨན་ཁང་དུ་སྐྱ་གྲིབ་ཕོག་མིན་བརྟག་དཔྱད་བྱས་པ་རེད།

    བྱེད་སྒོ་དེར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རོགས་སྐྱོར་ཤུགས་ཆེན་ཐོབ་ཅིང་། གྲོས་མོལ་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་མི་རིང་བར་སྨན་པ་མངགས་གཏོང་བྱས་ནས་ནད་པ་མི་གྲངས་33ལ་འདམ་གཞུང་རྫོང་མི་དམངས་སྨན་ཁང་དུ་རིན་མེད་གཤག་བཅོས་བྱ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག