མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་སྐད་ཀྱི་མི་ཆོས་སྒྱུ་རྩལ་གློག་བརྙན《བོད་ ལྗོངས་ ཀྱི་ མཁའ་ དབྱིངས 》ཞེས་པ་ཧྲང་ཧེ་རུ་ཐོག་མར་བསྟན་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-04-15 11:12

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་13ཉིན་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་ཨ་ལེ་ཡིས་འཁྲབ་གཞུང་བརྩམས་པ་དང་ན་གཞོན་འཁྲབ་ཁྲིད་པ་པོའོ་ཏུང་ཡུས་འཁྲབ་ཁྲིད་ཀྱི་འགན་འཁུར་བའི་ཧྲང་ཧེ་གློག་བརྙན་ཚོགས་པ་ནས་བཟོས་པའི་མི་ཆོས་སྒྱུ་རྩལ་གྱི་གློག་བརྙན《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པ་ཧྲང་ཧེ་རུ་ཐོག་མར་བསྟན་པ་དང་། སྤྱི་ཚེས་15ཉིན་ནས་བཟུང་ཧྲང་ཧེ་ཡི་གློག་བརྙན་ཁང་ཆེ་ཁག་ཏུ་བསྟན་རྒྱུ་རེད།

电影《西藏天空》男女主演的剧照

    《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པའི་གློག་བརྙན་ནི་སྲས་ཆུང་བསྟན་འཛིན་དང་ཞིང་བྲན་ཕུར་བུའི་དབར་གྱི་དགའ་སྐྱོ་ཆགས་སྡང་གཙོ་བོར་བཟུང་ནས་མི་སྣ་གཙོ་བོ་གཉིས་ཀྱི་བོད་ཞི་བས་བཅིངས་འགྲོལ་བཏང་བའི་སྐབས་དང་དམངས་གཙོའི་བཅོས་སྒྱུར་སྐབས། སྒྱུར་བཅོས་སྒོ་དབྱེའི་དུས་སྐབས་གསར་པ་བཅས་དུས་མཚམས་གལ་ཆེན་གསུམ་ནང་མི་སྒེར་གྱི་ལས་དབང་དང་འདུ་ཤེས་ཀྱི་འགྱུར་ལྡོག་བརྗོད་ནས་དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་གློག་བརྙན་ཁྲོད་དུས་རབས་20པའི་སྐབས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་ལོ་རྒྱུས་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག་གཟིགས་མོ་བ་ཚོས་གློག་བརྙན་བརྒྱུད་ད་དུང་བརྗིད་ཆགས་ཡིད་དུ་འོང་བའི་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་ཡིད་དབང་འཕྲོག་པའི་བོད་ཀྱི་རིག་གནས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།

    《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པའི་གློག་བརྙན་གྱི་ཁྱད་ཆོས་ཆེན་པོ་ཞིག་ནི་འཁྲབ་སྟོན་པ་ཕལ་ཆེ་བ་བོད་རིགས་ཡིན་པ་དང་མི་སྣའི་བར་གྱི་སྐད་ཆ་ཚང་མ་བོད་སྐད་ཐོག་ནས་བརྗོད་ཀྱི་ཡོད་པས་རྒྱལ་ནང་དུ་སྟོན་སྐབས་རྒྱ་ཡིག་བཀོད་སྦྱོར་བྱས་ཡོད།

    ཧྲང་ཧེའི་གློག་བརྙན་ཚོགས་པའི་སྤྱི་ཁྱབ། 《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པའི་གློག་བརྙན་བཟོ་མཁན་རེན་ཀྲུང་ལུན་གྱིས། གློག་བརྙན་འདིའི་གནས་བབ“མི་ཆོས་གློག་བརྙན”་དུ་བཞག་པ་དང་རྣམ་གྲངས་བཙུགས་པ་ནས་གློག་བརྙན་གྲུབ་པའི་བར་དུས་ཡུན་ལོ་5འགོར་ཞིང་མ་དངུལ་མི་དམངས་ཤོག་སྒོར་ཁྲི་4000བཏང་བ་དང་། པར་ལེན་སྒྲིག་བཟོ་ཚོགས་ཆུང་གིས་ཚབས་ཆེ་བའི་ས་མཐོར་མི་འཕྲོད་པའི་ནད་རིགས་ཁྱད་བསད་བྱས་ནས་ས་བབ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ཡན་གྱི་བོད་ཀྱི་ལྷོ་ཁ་སོགས་ས་ཆར་ཡུལ་ལྗོངས་པར་ལེན་བྱས་ཤིང་དཀའ་སྤྱད་ཚད་མེད་ཀྱིས་ས་མཐོར་པར་ལེན་བྱེད་ཡུན་ཟླ་བ་10ཙམ་ཟིན་ཁར་དུས་ཚོད་གཅིག་གི་ཐོག་ས་མཐོར་བསྡུས་པའི་པར་ལེན་སྒྲིག་བཟོའི་མི་སྣ་400ལྷག་ཙམ་ཟིན་ཡོད་ཅེས་བརྗོད།

    གློག་བརྙན་ཐོག་མར་བསྟན་པའི་མཛད་སྒོའི་ཐོག《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པའི་འཁྲབ་སྟོན་མི་སྣ་གཙོ་བོ་རྣམས་ཕེབས་ཡོད་ཅིང་། གློག་བརྙན་ནང་ཕུར་བུ་དང་བསྟན་འཛིན། དབྱངས་ཅན་སོགས་འཁྲབ་མཁན་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ལྷ་དབང་ནོར་བུ་དང་ངག་དབང་རིན་ཆེན། བསོད་ནམས་སྒྲོལ་དཀར་སོགས་ཡོད།ཁོང་རྣམ་པ་ནི་ཧྲང་ཧེ་ཟློས་གར་སློབ་གླིང་གི་2004ལོའི་འཁྲབ་སྟོན་སྒྱུ་རྩལ་གྱི་བོད་ལྗོངས་འཛིན་གྲྭ་ནས་སློབ་ཐོན་བྱས་པ་ཞིག་ཡིན།

    ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་ཊ་ལིའི་ས་ལོན་ཐོའོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་ཁ་ན་ཏའི་མེང་ཐེ་ལེ་ཨར་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག《བོད་ལྗོངས་ཀྱི་མཁའ་དབྱིངས》ཞེས་པ་ས་ཆ་དེ་གཉིས་སུ་སྟོན་པར་གདན་ཞུ་བྱས་ཡོད་པ་དང་། སླད་མར་རྒྱལ་སྤྱིའི་ཁྲོམ་རར་དམིགས་ནས་གློག་བརྙན་འདིར་དབྱིན་ཡིག་བཀོད་སྦྱོར་བྱས་པའི་པར་གཞི་འདོན་རྒྱུ་རེད། འདི་ལོའི་ལོ་སྨད་སྐབས་འཁྲབ་གཞུང་ཚོགས་པས་ད་དུང་པེ་ཅིང་དང་ལྷ་ས་སོགས་སུ་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག