མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས་ཀྱི་ལག་བསྟར་བྱེད་ཐབས་བཏོན་པ།

  ཡོང་ཁུངས། མི་དམངས་དྲ་བ།  2014-04-15 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》ཅེས་པ་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། སྤྱི་ཟླ6པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལ། དེ་ལས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་རྒྱུ་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་པ་རེད།

《བྱེད་ཐབས》ཁྲོད་བོད་ལྗོངས་ཀྱི་ས་ཁམས་དམིགས་བསལ་ཅན་ལ་དམིགས་ནས། ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་རྣམ་གྲངས་ཀྱི་མིང་ཐོའི་མ་ལག་འཛུགས་རྒྱུ་གསལ་བོར་བསྟན་ཡོད་པ་དང་། རྫོང་རིམ་པ་ཡན་གྱིས་སྲུང་སྐྱོབ་ལས་ཁུངས་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད་དེར་མཁོ་བའི་མ་དངུལ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་པ་དང་རིམ་བཞིན་ཇེ་མང་དུ་གཏོང་དགོས་པའི་བླང་བྱ་བཏོན། དེ་མིན་རྣམ་གྲངས་སྲུང་སྐྱོབ་ཚན་པ་དང་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་མི་སྣར་དོ་དམ་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག