མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་ཟློས་གར《གསེར་མདོག་གི་ཕ་ས》ཞེས་པ་ཟླ6པའི་ནང་པེ་ཅིན་ནས་འཁྲབ་སྟོན་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-15 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན།  སྐབས་བཞི་བའི་རྒྱལ་ཡོངས་ས་གནས་སོ་སོའི་ཕུལ་བྱུང་ཟློས་གར་འགྲེམ་སྟོན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།  འཁྲབ་སྟོན་བྱེད་ས་སོ་སོ་པེ་ཅིན་དང་ནན་ཅིན་གྲོང་ཁྱེར་རེད།  བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་བོད་ཀྱི་ཟློས་གར《གསེར་མདོག་གི་ཕ་ས》ཞེས་པ་པེ་ཅིན་ནས་འཁྲབ་སྟོན་བྱེད་རྒྱུ་རེད།

བོད་རང་སྐྱོང་ལྗོངས་རིག་གནས་ཐིན་སྒྱུ་རྩལ་ཁྲུའུ་ཡི་འགན་ཁུར་བས་མཚམས་སྦྱོར་བཤད་རྒྱུར། 《གསེར་མདོག་གི་ཕ་ས》ཞེས་པ་ཟླ6པའི་ཚེས3ཉིན་ནས་ཚེས4། ཚེས5ཉིན་བར་པེ་ཅིན་མི་རིགས་ཕོ་བྲང་དུ་ཐེངས་གསུམ་ལ་འཁྲབ་སྟོན་བྱེད་རྒྱུ་ཡིན་ལ།  འཁྲབ་སྦྱོང་བྱེད་པའི་དུས་ཚོད་མང་ན་ཡང་།  བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་འཁྲབ་སྟོན་པས་ཉིན་རེར་དུས་ཚོད་དམ་འཛིན་བྱས་ཏེ་འཁྲབ་སྦྱོང་བྱེད་ཀྱིན་ཡོད།

འགན་ཁུར་བ་འདིས《གསེར་མདོག་གི་ཕ་ས》ཞེས་པའི་ཟློས་གར་ནི་འཚོ་བ་དངོས་དང་ཟུང་འབྲེལ་བྱས་པའི་བརྩམས་ཆོས་ཞིག་ཡིན་པ་དང་།  དེའི་ནང་ཞིང་སྡེ་ནས་འཚར་ལོངས་བྱུང་བའི་སློབ་གྲྭ་ཆེན་མོ་བ་ཞིག་གྲོང་ཁྱེར་དུ་ལས་གནས་ཐོབ་པའི་གོ་སྐབས་བསྐྱུར་ནས་ཕྱིར་ཕ་ཡུལ་ལ་ལོག་ནས་སྡེ་དཔོན་གྱི་འགན་ཁུར་བ་དང་།  རང་ཉིད་ཀྱི་དཀའ་སྤྱད་སྡུག་རུས་ལ་བརྟེན་ཕ་ཡུལ་གྱི་མང་ཚོགས་རྣམས་ཕྱུག་འགྱུར་ལམ་དུ་ཁྲིད་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག