མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་བོད་ཡིག་གི་གནའ་དཔེ་སླར་གསོ་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-15 10:31

གཡང་ལྷས་གསར་འགོད་པར་སླར་གསོ་བྱས་པའི་གནའ་དཔེ་འགྲེམ་སྟོན་བྱེད་བཞིན་པ།
རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ལ་ལེབ་གནོན་འཕྲུལ་འཁོར་ཞལ་འདེབས་སུ་ཕུལ་བ།
བོད་ལྗོངས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་སླར་གསོ་གནའ་དཔེ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གཡང་ལྷ་ནི་དཔེ་ཆ་ལྟ་རྒྱུ་དགའ་བའི་བུ་མོ་ཞིག་ཡིན་པ་དང་།  ད་ལོ་ནི་མོ་བོད་ལྗོངས་དཔེ་མཛོད་ཁང་དུ་ལས་ཀ་གཉེར་ནས་ལོ་ངོ14འགོར་བའི་ལོ་རེད།  ཟླ4པའི་ཚེས2ཉིན་གྱི་ཕྱི་དྲོར།  གསར་འགོད་པས་དཔེ་མཛོད་ཁང་གི་གཞུང་ལས་ཁང་ཞིག་ཏུ་མོར་མཐོང་བ་དང་། མོས་ནན་ཏན་སྒོས་གནའ་དཔེ་སླར་གསོ་སྐོར་གྱི་དཔེ་ཆ་ལྟ་བཞིན་པའི་སྒང་རེད།  གཡང་ལྷས་ཉིན་རྒྱུན་གནའ་དཔེ་ཁ་ཤས་གཏོར་བརླག་ཐེབས་ནས་ཆ་ཚང་ཉར་ཚགས་བྱེད་མི་ཐུབ་པ་འཕྲལ་དུས།  མོ་ལ་བཤད་དཀའ་བའི་སྡུག་བསྔལ་ཞིག་ངང་གིས་འབྱུང་ལ།  དེས་སྟབས་ཀྱིས་གནའ་དཔེ་སླར་གསོ་ཕྱོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་འདུན་པ་ཞིག་རིམ་གྱི་ཆགས།

བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་གནའ་དཔེ་སྲུང་སྐྱོང་པུའུ་ཡི་ཀྲུང་རིན་གཞོན་པ་ནེ་ཤ་ཡིས་གཡང་ལྷ་ནི་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་སླར་གསོ་སློབ་སྦྱོང་བྱེད་པའི་ལས་བྱེད་མི་སྣ་ཐོག་མ་ཡིན།  ཉིན་འགའི་རིང་མོ་ལ་ལས་སྒྲུབ་ཁང་གསར་བ་ཞིག་བཀོད་སྒྲིག་བྱས་པ་དང་།  རྗེས་མར་ང་ཚོས་ད་དུང་གནའ་དཔེ་སླར་གསོ་ཤེས་ལྡན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས་པ་བརྒྱུད།  བོད་རང་སྐྱོང་ལྗོངས་ནས་རྒྱལ་ཁབ་རིམ་པའི་བོད་ཡིག་གི་གནའ་དཔེ་སླར་གསོ་རྟེན་གཞི་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འཛུགས་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག