མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་ལྷོ་ཁ་ས་ཁུལ་གྱིས་ས་བོན་འདེབས་ཚད་མུའུ་ཁྲི46.74ལ་སླེབས་རྒྱུ་རེད།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་ལྷོ་ཁ་ས་ཁུལ་ཡོངས་ཀྱིས་ས་བོན་མུའུ་ཁྲི46.74འདེབས་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་འབྲུ་རིགས་མུའུ་ཁྲི31.09འདེབས་རྒྱུ་ཡིན་ཞིང་། དཔལ་འབྱོར་ཞིང་ལས་སྐྱེ་དངོས་རིགས་མུའུ་ཁྲི9.57འདེབས་རྒྱུ་ཡིན་པ། གཟན་རྩྭའི་སྐྱེ་དངོས་རིགས་མུའུ་ཁྲི6.08འདེབས་རྒྱུ་ཡིན་ཏེ། མིག་སྔར་ས་ཁུལ་ཡོངས་ཀྱིས་དཔྱིད་འདེབས་མུའུ་ཁྲི6.74ལེགས་འགྲུབ་བྱུང་ཡོད་ལ། དཔྱིད་འདེབས་སྤྱིའི་གཞི་ཁྱོན་གྱི19.82%ཟིན་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག