མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱི་རྣམ་གྲངས་གཉིས་ལ་ཀྲུང་གོའི་ཚད་ལྡན་ཅན་གྱི་རང་བརྟེན་གསར་གཏོད་ཀྱི་ལེགས་སྐྱེས་བྱ་དགའ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་བོད་ལྗོངས་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་ཀྲུང་གོའི་སློབ་གྲོགས་ཚོགས་པའི་དྲ་བས་རྩོམ་སྒྲིག་བྱས་པའི《2014ལོའི་ཀྲུང་གོའི་སློབ་ཆེན་གྱི་གདེང་འཇོག་ཞིབ་འཇུག་སྙན་ཞུའི》ཐོག་ནས་2006ལོ་ནས་བཟུང་བོད་ལྗོངས་སློབ་ཆེན་ཚུད་པའི་མཐོ་སློབ་5ལ་ཀྲུང་གོའི་ཚད་ལྡན་ཅན་གྱི་རང་བརྟེན་གསར་གཏོད་ཀྱི་ལེགས་སྐྱེས་བྱ་དགའ་ཁག་གཉིས་ཐོབ་པ་དང་འབྲེལ་ཀྲུང་གོ་སློབ་གྲོགས་ཚོགས་པའི་དྲ་བའི་2014ལོའི་ཀྲུང་གོའི་སློབ་ཆེན་གྱི་ཚད་ལྡན་ཅན་གྱི་རང་བརྟེན་གསར་གཏོད་ཀྱི་ལེགས་སྐྱེས་བྱ་དགའི་ཨང་དང་པོར་ཚུད་པ་མངོན་ཡོད།

    སྙན་ཞུར་གཞིགས་ན། བོད་ལྗོངས་སློབ་ཆེན་ལ་བྱ་དགའ་ཐོབ་པའི་རྣམ་གྲངས་ཁག་གཉིས་ནི་ཆ་འཕྲིན་ལག་རྩལ་གྱི་བོད་ཡིག་ཨང་སྒྲིག་འབྲུ་རྟགས་ཡིག་སྒྲོམ་དང་ཆ་འཕྲིན་བརྗེ་རེས་ཀྱི་བོད་ཡིག་ཨང་སྒྲིག་འབྲུ་རྟགས་ཡིག་སྒྲོམ་ཡིན་ཞིང་། བོད་ལྗོངས་སློབ་ཆེན་འདི་ཉིད་ཀྲུང་གོ་ཚན་རྩལ་སློབ་གླིང་སློབ་ཆེན་དང་། ཐུང་ཅི་སློབ་ཆེན། པེ་ཅིང་སྦྲག་ཏར་སློབ་ཆེན། ཧོ་ནན་བཟོ་ལས་སློབ་ཆེན་བཅས་མཐོ་སློབ་5དང་མཉམ་དུ་ཀྲུང་གོའི་སློབ་ཆེན་གྱི་ཚད་ལྡན་ཅན་གྱི་རང་བརྟེན་གསར་གཏོད་ཀྱི་ལེགས་སྐྱེས་བྱ་དགའི་ཨང་དང་པོ་ཐོབ་པ་དེ་ཐོག་ནས་རང་ལྗོངས་ཀྱི་མཐོ་སློབ་ཀྱི་ཚད་ལྡན་ཅན་གྱི་རང་བརྟེན་གསར་གཏོད་ནུས་པའི་ཐད་ཀྱི་དངོས་ཤུགས་མངོན་པ་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཚད་ལྡན་ཅན་གྱི་རང་བརྟེན་གསར་གཏོད་ནི་ཚན་རིག་དང་། ལག་རྩལ། ཉམས་མྱོང་བཅས་ཀྱི་འབྲས་བུ་ཡིན་ཞིང་། ཚད་ལྡན་གྱི་སྒྲིག་བཟོ་ཚན་པ་སྤྱིར་བཏང་ནས་ཁྱབ་ཁོངས་དེའི་ནང་གི་ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པའི་སྣེ་ཁྲིད་པ་དང་གོང་རིམ་གྱི་ཚོད་འཛིན་པ་ཤ་སྟག་ཡིན། ཉེ་བའི་ལོ་ཤས་ནང་རང་རྒྱལ་གྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་བཏོན་ཏེ་ཚད་ལྡན་ཅན་གྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་བཏང་སྟབས་ལག་རྩལ་གྱི་ཚད་གཞིའི་འཐབ་ཇུས་དེ་ཀྲུང་གོའི་སྤྱི་ཚོགས་དང་། ཚན་རྩལ། དཔལ་འབྱོར། ཆབ་སྲིད། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་གཏོང་བའི་འདེགས་སྐྱོར་བྱ་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད། མིག་སྔར་ཀྲུང་གོའི་ཞིབ་འཇུག་རྣམ་པ་དང་། ལས་རིགས་ཁྱད་ཆོས་ཞིབ་འཇུག་རྣམ་པ། ཁྱད་ལྡན་ཆེད་ལས་རྣམ་པ་བཅས་ཀྱི་མཐོ་སློབ་ལ་ཚད་ལྡན་ཅན་གྱི་གསར་གཏོད་ཐད་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་ཆེ་ཙམ་ལྡན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག