མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཞིང་འབྲོག་པའི་ནད་ཆེན་གྱི་ ཁ་གསབ་མཐོ་ཤོས་སྒོར་ཁྲི་13ཟིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་ཞིང་འབྲོག་པར་ནད་ཆེན་གྱི་ཁ་གསབ་མཐོ་ཤོས་སུ་སྒོར་ཁྲི་6རྩིས་ཞུ་ཐུབ་རྒྱུ་དང་དེ་ལས་བརྒལ་བའི་དངུལ་མཐོ་ཤོས་སུ་སྒོར་ཁྲི་7གྱི་ནད་ཆེན་གྱི་ཁ་གསབ་ཚོང་ལས་སྨན་བཅོས་འགན་བཅོལ་གྱི་སྐྱིན་ཚབ་འཇལ་བའི་རེ་ཞུ་བྱེད་ཆོག་གི་ཡོད་པ་དེ་ཐོག་ནས་ཞིང་འབྲོག་པའི་ནད་ཆེན་གྱི་ཁ་གསབ་མཐོ་ཤོས་སུ་སྒོར་ཁྲི་13ཟིན་པ་མཚོན་གྱི་ཡོད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བཟོ་བཅོས་བརྒྱབ་ནས་འགྲེམས་སྤེལ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་བྱ་ཐབས》ནང་ཐེབས་རྩ་དང་སྨན་ཁང་དུ་སྡོད་པའི་གྲོན་དངུལ་རྩིས་ཞུ་བྱེད་པའི་བསྡུར་གྲངས་ལེགས་སྒྲིག་བྱས་པ་སྟེ། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་ཁྱོན་ཡོངས་ནས་ཁྱབ་རྒྱུ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་སྲིད་གཞུང་གིས་ཁ་གསབ་ཚད་གཞི་སྒོར་340བར་མཐོ་རུ་བཏང་ནས་མ་དངུལ་གྲབས་གསོག་བྱེད་ཚད་96.23%ཟིན་པ་དང་རྩིས་ཞུའི་ཁ་གསབ་བཅད་འབོར་མཐོ་ཤོས་སྒོར་ཁྲི་6ཟིན་པ། སྲིད་ཇུས་ཁྱབ་ཁོངས་ནང་གི་རྩིས་ཞུའི་བསྡུར་ཚད་75%ཟིན་པ། སྤྱི་འབོར་སྒོར་དུང་ཕྱུར་8.16ཟིན་པ་བཅས་རེད། འདི་ལོ་རང་ལྗོངས་ཀྱི་ཞིང་འབྲོག་པའི་སྨན་བཅོས་ཁ་གསབ་ཚད་གཞི་དེ་ད་དུང་སྒོར་380བར་མཐོ་རུ་གཏོང་རྒྱུ་རེད།

    དུས་མཚུངས་རང་ལྗོངས་ཀྱིས་ད་དུང་བྱིས་པའི་ལྷན་སྐྱེས་སྙིང་ནད་གྲལ་བཤེར་སྐྱོབ་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་བཟོས་ནས་མིག་སྔའི་བར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་མི་ཐེངས་ཁྲི་112ལ་གྲལ་བཤེར་དང་བསྐྱར་དུ་ཞིབ་བཤེར་བྱས་པར་བྱིས་པ་2597གྱི་ནད་རྟགས་གཏན་འཁེལ་བྱས་པ་དང་། ནད་པ་2039ཡི་གཤགས་བཅོས་ལེགས་གྲུབ་བྱུང་བ་རེད། ན་ནིང་ལྗོངས་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཁྲི་258དང་

    སྒྲིག་ཁོངས་ནང་ཡོད་པའི་གྲྭ་བཙུན་27331ལ་སྨན་རིན་མི་དགོས་པའི་གཟུགས་པོར་བརྟག་དཔྱད་བྱས་ཏེ་ཚད་ལྡན་ཅན་གྱི་བདེ་ཐང་ཡིག་ཚགས་བཟོས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཟུགས་པོ་བརྟག་དཔྱད་ལེགས་སྒྲུབ་ཐུབ་ཚད་99.2%ཟིན་པ་དང་སྒྲིག་ཁོངས་ནང་ཡོད་པའི་གྲྭ་བཙུན་གྱི་གཟུགས་པོ་བརྟག་དཔྱད་བྱེད་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་བ་དང་། སྐྱ་སྒྲིབ་ཕོག་པའི་ནད་པ་3761ལ་སྨན་རིན་མི་དགོས་པའི་སྨན་བཅོས་བྱས་པ། ལྗོངས་ཡོངས་ཀྱི་ནད་ཆེན་གྱི་ཁ་གསབ་ཚོང་ལས་སྨན་བཅོས་འགན་བཅོལ་སྐྱིན་ཚབ་འཇལ་ཚད་ཐེངས་309ཟིན་པ་དང་དངུལ་གྲངས་སྒོར་ཁྲི་1041.05ཟིན་ཡོད་པ་བཅས་རེད།

    མིག་སྔར་རང་ལྗོངས་ཀྱི་འཕྲོད་བསྟེན་སྡེ་ཚན་གྱིས་སྨན་བཅོས་ལམ་ལུགས་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་སྲིད་གཞུང་གཞུང་དོན་ཁང་གི་གཞི་རིམ་སྨན་བཅོས་སྒྲིག་གཞི་ཚང་མར་རྒྱལ་ཁབ་ཀྱི་རྒྱུན་མཁོའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་རིན་གོང》འགྲེམས་སྤེལ་བྱས་པ། བདེ་ཐང་སློབ་གསོ་དང་བདེ་ཐང་གི་བྱང་ཚད་སྐུལ་གཏོང་དང་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག