མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་བྱང་རྒྱུད་དང་ ཤར་ལྷོ་རྒྱུད་དུ་ཆར་ཆུ་འབབ་མང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་4ཚེས་14ཉིན་ནས་ཚེས་20ཉིན་བར)

    གཟའ་ཟླ་བ་ནས་ཕུར་བུ་བར་ནག་ཆུ་ས་ཁུལ་དང་། ཆབ་མདོ་ས་ཁུལ། ཉིང་ཁྲི་ས་ཁུལ་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ།

    གཟའ་མཇུག་ཏུ་མངའ་རིས་ས་ཁུལ་དང་། གཞིས་རྩེ་ས་ཁུལ་ལྷོ་རྒྱུད། ལྷོ་ཁ་ས་ཁུལ་ལྷོ་རྒྱུད། ནག་ཆུ་ས་ཁུལ་བཅས་སུ་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ཉིང་ཁྲི་ས་ཁུལ་དང་ཆབ་མདོ་ས་ཁུལ་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིའི་ནང་ཆར་ཆུ་འབབ་རྒྱུ་ཡིན་པ་དེས་ཞིང་ནང་གི་བཞའ་ཚན་ཆེ་རུ་ཕྱིན་ནས་དགུན་གྲོ་སྐྱེ་འཚར་དང་དཔྱིད་རྨོད་རྨོད་འདེབས་ལ་ཕན་ཐོགས་ཡོད་པ་དང་འབྲེལ་ནགས་ཚལ་གྱི་མེ་ཟོན་སྔོན་བརྡའི་རིམ་པ་དམའ་རུ་དང་མཁའ་རླུང་གཙང་དུ་འགྲོ་རྒྱུ་རེད།

    2.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་བྱང་རྒྱུད་དང་ཤར་ལྷོ་རྒྱུད་དུ་ཆར་ཆུ་ཡང་ཡང་འབབ་རྒྱུ་དང་ས་བབ་མཐོ་བའི་ལམ་དུམ་བུར་སྔར་བཞིན་གངས་གསོག་ཐེབས་ཏེ་འགྲོ་ལམ་འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་རྒྱུ་ཡིན་པ་དང་། གནམ་གཤིས་དྲོ་རུ་འགྲོ་བ་དང་སྦྲགས་གངས་བཞུར་ནས་རི་ཉིལ་བ་སོགས་ཀྱི་ས་གཤིས་ཀྱི་གནོད་འཚེ་ཐོན་སྲིད་པས་དོ་སྣང་བྱེད་དགོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག