མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-14 10:39

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ལྗོངས་ཡོངས་སུ་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དེ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཝུའུ་དབྱིང་ཅེས་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་ཡག་པོ་སྤེལ་རྒྱུ་དེ་ནི་ཏང་གིས་ཏང་ལ་དོ་དམ་ནན་པོ་བྱེད་པ་དང་ཏང་ནན་པོ་སྐྱོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་།མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང“བོད་རྒྱུན་སྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་ནས་བརྟན་ལྷིང”བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་མ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་པ་མ་ཟད།ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདུན་ཆེན་པོ་ཞིག་ཀྱང་དེ་བས་ཡིན།བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་དམ་པོར་དམིགས་པ་དང་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་བའི་དམར་ཐིག་དེར་དམ་པོར་དམིགས་ནས་ཀྲུང་དབྱང་གི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་དབྱང་ཁྲུང་ཧུའེ་ཡི་མཛུབ་སྟོན་ཁག་ལྔ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི“མཐའ་འཁྱོངས་བཅུ”ཡི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཞིགས་ནས་འགག་རྩའི་ལྷུ་ཚིགས་དམ་བཟུང་དང་།ཀུན་སྤྱོད་འཛུགས་སྐྱོང་ལ་དམ་འཛིན།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན།ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོ་དེ་གཡོ་ཟོལ་མེད་པ་དང་།སྟོང་བཤད་མེད་པ།ཁ་ཕྱོགས་མི་འཛོལ་བ།ཕྱི་ཚུལ་ཙམ་མ་ཡིན་པ་བཅས་བྱེད་ཐུབ་པ་བྱེད་དགོས་ལུགས་བསྟན་ཡོད་པ་རེད།

    ཝུའུ་དབྱིང་ཅེས་གཅིག་ནས་འགོ་ཁྲིད་ཀྱིས་སྣེ་འཁྲིད་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ་དང་།གཉིས་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ།གསུམ་ནས་འགོ་བཙུགས་མ་ཐག་སློབ་གསོ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ།བཞི་ནས་ཞིབ་བཤེར་བྱེད་ཀྱིན་སྒྱུར་བཅོས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ།ལྔ་ནས་གནད་དོན་ཐག་གཅོད་ཀྱི་ཁྲིད་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ།དྲུག་ནས་ཚད་གཞི་ལྟར་ཞིབ་བཤེར་ནན་ཏན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ།བདུན་ནས་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    མཇུག་ཏུ་ཝུའུ་དབྱིང་ཅེས་ཀྲུང་དབྱང་གི་བླང་བྱ་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་།ཟླ་4པའི་ཟླ་སྨད་ནས་བཟུང་རང་ལྗོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་མཁན་ཚན་པས་གནད་དོན་འཚོལ་བཤེར་བྱས་ནས་སྐྱོན་བརྗོད་བྱེད་པའི་དུས་མཚམས་སུ་སྔ་རྗེས་སུ་བསྐྱོད་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཙོ་གནད་དམ་འཛིན་དང་།དལ་ལྷོད་རན་པོ།གཅིག་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ་ལྷུ་ཚིགས་ཚང་མ་དང་ལས་དོན་ཁག་ཚང་མ་ཏན་ཏིག་བསྒྲུབ་ཐུབ་པ་དང་དམིགས་སར་འཁྱོལ་ཐུབ་པ་བྱས་ནས་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཀུན་སྤྱོད་འཛུགས་སྐྱོང་གི་ཕན་འབྲས་གསར་པས་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག