མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཞིང་སྡེ་སྨན་པ40%ཡིས་བོད་ལུགས་སྨན་བཅོས་ལ་བརྟེན་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-14 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་ཞིང་སྡེ་སྨན་པ40%ཡིས་བོད་ལུགས་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ལ་ནད་རིགས་སྔོན་འགོག་དང་སྨན་བཅོས་བྱེད་བཞིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིན་གྱི་ཐིན་ཀྲང་ཕུར་བུ་སྒྲོལ་མས་བཤད་རྒྱུར། བོད་ལྗོངས་ཀྱི་སྔར་ཡོད་སྨན་བཅོས་ལས་ཁུངས33ཁྲོད། རང་སྐྱོང་ལྗོངས་རིམ་པའི་བོད་སྨན་ཁང1ཡོད་པ་དང་། ས་ཁུལ(གྲོང་ཁྱེར)རིམ་པའི་བོད་སྨན་ཁང6ཡོད་དེ། རྫོང་རིམ་པའི་བོད་སྨན་ཁང22བཅས་ཡོད། དེ་མིན་རྫོང་རིམ་པའི་སྨན་བཅོས་སྡེ་ཁག་གཞན་དག་ཏུ་བོད་སྨན་ཚན་ཁག་བཀོད་སྒྲིག་བྱས་ཡོད་ཅིང་། བོད་ལྗོངས་ཡོངས་ཀྱི་བོད་ལུགས་སྨན་བཅོས་སྡེ་ཁག་ཏུ་ནད་པའི་ཉལ་ཁྲི1364ཡོད་པ་དང་། བོད་སྨན་སྐོར་གྱི་སྒྲིག་ཁོངས་སུ་ཡོད་པའི་སྨན་བཅོས་མི་སྣ1901ཡོད་པས། བོད་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་མི་སྣ་ཁྲོད། ཞིང་སྡེ་སྨན་པ40%ཡིས་བོད་ལུགས་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ལ་ནད་རིགས་སྔོན་འགོག་དང་སྨན་བཅོས་བྱེད་བཞིན་ཡོད་ཟེར།

ཕུར་བུ་སྒྲོལ་མས་བཤད་རྒྱུར། བོད་ལྗོངས་ཀྱི་འཆར་གཞི་ལྟར་ན། བོད་ལྗོངས་བོད་སྨན་ཁང་དེ་ཞིང་ཆེན་ལྔ་ཡི་བོད་སྨན་ཕྱོགས་བསྡུས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་བོད་སྨན་ཞིབ་འཇུག་ལྟེ་གནས་སུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། 2020ལོར་སླེབས་དུས། 95%ཡན་གྱི་འདུས་སྡོད་ཁུལ་དང100%གྲོང་རྡལ་འཕྲོད་བསྟེན་ཁང་དུ་བོད་སྨན་སྨན་བཅོས་ཚན་ཁག་བོད་སྨན་ལེན་ས་འཛུགས་རྒྱུ་ཡིན་པས། སྐབས་དེར75%ཡན་གྱི་ཞིང་སྡེ་འཕྲོད་བསྟེན་ཁང་གིས་བོད་ལུགས་སྨན་བཅོས་སྐོར་གྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག