མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་ལྷ་སར་ཚན་རྩལ་ཁྱབ་གདལ་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-11 10:26

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་3ནས་ཚེས་9ཉིན་བར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱིས་ལྷ་ས་གྲོང་ཁྱེར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས》དང་《བོད་རང་སྐྱོང་ལྗོངས་ཀྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་བཅའ་ཁྲིམས>ལག་བསྟར་བྱ་ཐབས》ལག་ལེན་བསྟར་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཀྱིས་རུ་སྣེ་འཁྲིད་གནང་བ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོའི་ཤ་མོའི་རྟེན་གཞི་དང་།ཆུ་ཤུར་རྫོང་ཆ་ཚང་སློབ་ཆུང་།ཚལ་སྣེ་གྲོང་ཚོའི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ།འདམ་གཞུང་རྫོང་བོད་ལྗོངས་འཁྱག་རོམ་གཏེར་ཆུ་ཚད་ཡོད་ཀུང་སི།འཁྱག་གཏོང་ཁམས་དཀར་ས་ཚིགས།ཀུའོ་ཆིང་སྡོམ་གསོས་རྟེན་གཞི།ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོའི་ཁྱད་ལྡན་ཐོན་ལས་ཁུལ།ཀུན་བདེ་གླིང་དོན་གཅོད་ཁང་ཚན་རིག་ཁྱབ་གདལ་བྱེད་སྒོའི་ས་ཚིགས།ཅང་སུའུ་སློབ་འབྲིང་བཅས་སུ་བསྐྱོད་དེ་ཚན་རིག་ཁྱབ་གདལ་བཅའ་ཁྲིམས་དང་ལག་བསྟར་བྱ་ཐབས་དྲིལ་བསྒྲགས་དང་ཚན་རིག་ཁྱབ་གདལ་གྱི་འགྲོ་གྲོན་གཏོང་ཆ་དང་བེད་སྤྱོད།ནར་མ་སོན་པའི་མིས་ཚན་རིག་བྱང་ཚད་སློབ་གསོ་དང་ལེན་བྱེད་པ་བཅས་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་བྱེད་ཚུལ་ཐད་ས་ཆ་དངོས་སུ་ཞིབ་བཤེར་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་ལས་ཀའི་སྙན་ཞུ་ཉན་རྗེས་ཞིབ་བཤེར་ཚོགས་ཆུང་གིས་ཚན་རྩལ་ཁྱབ་གདལ་བཅའ་ཁྲིམས་ལག་ལེན་བསྟར་རྒྱུ་དེ་རང་ལྗོངས་ཀྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་གཏོང་དང་།ཚན་རྩལ་ཤེས་བྱ་ཁྱབ་གདལ།ཚན་རིག་གི་སྙིང་སྟོབས་དར་སྤེལ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་གཏོང་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་ཁྱབ་གདལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རིམ་ཁག་སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་ཚན་རྩལ་ཁྱབ་གདལ་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ།ཚན་རྩལ་ཁྱབ་གདལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལེགས་པར་སྤྱད་དེ་ཁྲིམས་ལྟར་ཚན་རིག་ཁྱབ་གདལ་ལས་ཀ་སྤེལ་བ།སྤྱི་ཚོགས་ཚོགས་པའི་ནུས་པ་བསྡུ་ལེན་དང་འདོན་སྤེལ་གང་ལེགས་བྱས་ཏེ་ཚན་རྩལ་ཁྱབ་གདལ་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག