མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་ཚན་རིག་དང་མཐུན་པའི་གོང་འཕེལ་འགྲོ་རྒྱུར་སྐུལ་མ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-11 10:26

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ་4ཚེས་9ཉིན་གྱི་སྔ་དྲོ་ལྷ་སར་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བསྟན་དོན།རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་དུས་བབ་གསར་པ་དང་ལས་འགན་གསར་པས་ལུས་རྩལ་ལས་དོན་ཐད་བླང་བྱ་སྔར་བས་མཐོ་པོ་བཏོན་པར་སྟངས་འཛིན་ཟབ་མོ་བྱས་ཏེ་ལུས་རྩལ་ལས་ཀའི་ལམ་སྲོལ་གསར་གཏོད་དང་།ལམ་ལུགས་གསར་གཏོད།རིགས་པའི་གཞུང་ལུགས་གསར་གཏོད།ཚན་རྩལ་གསར་གཏོད་བཅས་ལ་སྐུལ་སྤེལ་ཧུར་ཐག་བཏང་ཁར་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལུས་རྩལ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱེད་དགོས་པ་དང་།ལུས་རྩལ་གྱི་དམངས་ཕན་དོན་དངོས་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ཆེན་པོར་སྐུལ་མ་གཏོང་དགོས།སྒྲིག་འཛུགས་ཞིབ་ཚགས་དང་གཅིག་འདོམས་ལ་ཤུགས་སྣོན་གྱིས་ཤན་འབྱེད་པ་དང་།རྩལ་ཁྲིད་པ།ལུས་རྩལ་པ་བཅས་ཀྱི་གསོ་སྐྱོང་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་མི་སྣའི་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཁར་སྐབས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཁག་འདྲ་མཉམ་དང་།ཡོངས་བསྒྲགས།དྲང་བཞག་བཅས་བྱས་ཏེ་ལུས་རྩལ་པའི་ཉམས་འགྱུར་དང་ཆུ་ཚད་མངོན་ཐུབ་པར་བྱེད་དགོས།མི་དམངས་མང་ཚོགས་ཀྱི་གཟུགས་པོའི་བྱང་ཚད་དང་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དེ་ལས་ཀའི་གཞི་རྩའི་འགོ་འཛུགས་སར་ཐོག་མཐའ་བར་གསུམ་དུ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་།མཉམ་ཤུགས་གཅིག་ཏུ་འགྲིལ་བ།མ་འཇོག་ཆེར་གཏོང་བཅས་བྱས་ཏེ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་ཁྱད་ལྡན་གྱི་ལུས་རྩལ་བྱ་གཞག་ཚན་རིག་དང་མཐུན་པའི་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་དགོས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག