མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོའི་སྒོ་ནས“རང་འདེམས་བྱ་སྤྱོད”ལ་ཤུགས་སྣོན་རྒྱག་པ།

མངའ་རིས་ཀྱིས“མཐའ་འཁྱོངས་བཞི་དང་ཤུགས་སྣོན་བཞིར”བརྟེན་ནས་སྤྱོད་ཚུལ་འགྱུར་ལྡོག་ཤུགས་ཆེན་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-11 10:26

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་མངའ་རིས་ས་ཁུལ་གྱི་རྫོང་ཁག་དང་ཚན་པ་ཁག་གིས“མཐའ་འཁྱོངས་བཞི་དང་ཤུགས་སྣོན་བཞིར”དམ་པོར་དམིགས་ཏེ་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    “སྐད་གཉིས”སློབ་སྦྱོང་སློབ་གསོ་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་བོད་རྒྱ་ཡིག་རིགས་གཉིས་སྤྱོད་ནུས་ཆེ་རུ་བཏང་བ།རྫོང་དང་ཚན་པ་ཁག་གིས“བོད་རིགས་ལས་བྱེད་པས་སྤྱི་སྐད་དང་།གཞུང་ཡིག་འབྲི་སྟངས།གཞུང་ལས་རང་འགུལ་ཅན་བཅས་སྦྱོང་བ་དང་།རྒྱ་རིགས་ལས་བྱེད་པས་བོད་སྐད་དང་།བོད་ཡིགབོད་གཞས་བཅས་སྦྱོང་བ།ཡུལ་གཞན་གྱི་མི་རིགས་ལས་བྱེད་པས་ཡུལ་སྐད་སྦྱོང་བ”བཅས་གཙོ་བོར་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་པ་རེད།སློབ་སྦྱོང་བྱེད་རིང་རྒྱ་ཆེའི་ཏང་ཡོན་གྱིས་དུས་ཚོད་བཀོད་སྒྲིག་འོས་འཚམ་བྱེད་པ་དང་།དོགས་གཞི་འཁྱེར་ནས་སློབ་སྦྱོང་བྱེད་པ།རིམ་པ་དབྱེ་ནས་སློབ་སྦྱོང་བྱེད་པ།བསམ་གཞིག་བྱེད་ཀྱིན་དུ་འཚོལ་ཞིབ་དང་།སྒྱུར་བཅོས།སློབ་སྦྱོང་བཅས་བྱེད་པའི་སྒོ་ནས“རང་གིས་བརྗོད་པ”དང“མྱོང་ཚོར་གླེང་རྒྱུ”ཟུང་འབྲེལ་བྱས་ནས་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་བྱས་པ་རེད།མིག་སྔའི་བར་ས་ཁུལ་ཡོངས་ཀྱིས་གཅིག་སྡུད་སློབ་སྦྱོང་ཐེངས་200ལྷག་ཙམ་བྱས་པ་དང་།མི་སྒེར་གྱིས་ཆ་སྙོམས་རང་སྦྱོང་བྱེད་ཚད་ཆུ་ཚོད་10ཟིན་པ།མྱོང་ཚོར་1000ལྷག་ཙམ་བྲིས་པ།མི་རེས་ཆ་སྙོམས་སློབ་སྦྱོང་ཟིན་བྲིས་ཡིག་འབྲུ་1500བྲིས་པ་བཅས་རེད།

    གཞི་རྟེན་ཇུས་འགོད་ཞིབ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“རང་འདེམས་བྱ་སྤྱོད”ལ་ཤུགས་སྣོན་བརྒྱབ་པ།རྫོང་དང་ཚན་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བྱེད་སྒོའི་གཞི་རྟེན་ཇུས་འགོད་ཞིབ་ཚགས་བྱས་པ་རེད།ས་ཁུལ་རིག་གནས་ཅུས་ཀྱིས་འགོ་ཁྲིད་པའི་ས་ཁུལ་ཞང་ཞུང་སྒྱུ་རྩལ་ཚོགས་པ་དང་དང་།མང་ཚོགས་སྒྱུ་རྩལ་ཁང་།རྫོང་ཁག་གཅིག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ནས་2014ལོའི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་རིག་རྩལ་དགོང་ཚོགས་རྩོམ་སྒྲིག་ནང་སྦྱོང་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།སྤུ་ཧྲེང་རྫོང་གིས“ཏང་གཤིས་ལ་ཤུགས་སྣོན་དང་།སྤྱོད་ཚུལ་ཡོ་བསྲང་།ལས་ཆོད་ཆེར་གཏོང་།འཕེལ་རྒྱས་ལ་སྐུལ་འདེད”བཅས་བརྗོད་བྱ་གཙོ་བོར་བྱས་པའི་ལས་ཁུངས་ཀྱི་སྤྱོད་ཚུལ་ལེགས་གཏོང་གི་བྱེད་སྒོ་སྤེལ་བ་རེད།རྩྭ་མདའ་རྫོང་གིས“ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་།སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིགལས་དོན་སྤེལ་སྟངས་གསར་གཏོད”བཅས་བརྗོད་བྱ་གཙོ་བོར་བྱས་པའི་ལག་ལེན་བྱེད་སྒོ་སྤེལ་ནས་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་ལས་དོན་སྐས་རིམ་གསར་པ་དང་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།དགེ་རྒྱས་རྫོང་གིས“བླང་བྱ་ནན་པོ་དང་།གྲ་སྒྲིག་ཏན་ཏིགའགྲོ་ལུགས་ནན་པོ།ནང་དོན་ཏན་ཏིགལྟ་སྐུལ་ནན་པོ།ཕན་འབྲས་ཏན་ཏིག”བཅས་བྱ་ཐབས་སུ་བརྩིས་ནས་སློབ་གསོ་ལག་ལེན་བྱེད་སྒོ་ཚད་གཞི་མཐོ་པོའི་སྒོ་ནས་འགོ་འཛུགས་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

    ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས་བྱེད་སྒོའི་ཁ་ཕྱོགས་མི་འཛོལ་བ་དང་།སྟོང་བཤད་མེད་པ།གཡོ་ཟོལ་མེད་པ་བཅས་ཡོང་རྒྱུར་ཤུགས་སྣོན་བརྒྱབ་པ།མངའ་རིས་ས་ཨུད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ཁོངས་མིས“སློབ་སྦྱོང་དམ་འཛིན་གྱིས་རང་ཉིད་ལ་དྲག་ཆས་སྤྲོས་པ་དང་།འཆར་གཞི་བཀོད་དེ་ཁ་ཕྱོགས་གསལ་པོ་བཟོ་བ།ལྟ་སྐུལ་མཛུབ་ཁྲིད་ལ་སྣང་ཆེན་བྱས་ནས་དོན་འཁྱོལ་འགན་ལེན་བྱེད་པ།རང་གཅུན་ནན་པོ་བྱས་ནས་གཟུགས་བརྙན་ཡག་པོ་གཏོད་པ”བཅས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཐོག“ལྟ་སྐུལ་མཛུབ་ཁྲིད་ཡང་ཡང་བྱེད་པ་དང་།ཧུར་པོ་བྱེད་པ།བྱེད་མཁས་པ།བྱེད་ཤེས་པ”བཅས་བྱེད་སྒོའི་ནང་ཡོངས་སུ་ཁྱབ་པ་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཇུས་གཞི་དང་ལས་ཀའི་འཆར་གཞིའི་རེའུ་མིག་བཟོ་བ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་ཚན་པ་དབར་མཐུན་སྦྱོར་འབྲེལ་གཏུག་དང་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་གི་ངོས་འཛིན་ཆགས་པ་བྱས་ནས་བྱེད་སྒོ་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་པ་རེད།ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཐོན་པའི་གནད་དོན་ལ་དམིགས་ཏེ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དུས་ཐོག་ཏུ་བཅོས་སྒྲིག་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

    དྲིལ་བསྒྲགས་འཕྲིན་སྤེལ་བྱེད་སྟངས་སྣ་ཚོགས་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ནས་གླེང་ཕྱོགས་ཀྱི་རྣམ་པ་དང་གཞི་ཁྱོན་ལ་ཤུགས་སྣོན་བརྒྱབ་པ།མངའ་རིས་བརྙན་འཕྲིན་ལས་ཁུངས་ཀྱིས་མང་ཚོགས་ལམ་ཕྱོགས་ཀྱི་དགོངས་དོན་འགྲེལ་བཤད་དང་།《མངའ་རིས་ཚགས་པར》དང་མངའ་རིས་དྲ་ཐོག་ཏུ《མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་གྱི་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང》ཞེས་པའི་ཡིག་ཆ་གནད་བསྡུས་སོགས་ཀྱི་ནང་དོན་དུས་ཐེངས་26བཀོད་པ་དང་།གསར་བརྗེའི་གློག་བརྙན་དང་དྲན་སྐུལ་སློབ་གསོའི་གློག་བརྙན་ཐེངས་3སྒྲིག་འཛུགས་བྱས་པ།“ཁུང་ཧྥན་སེན་གྱི་སྙིང་སྟོབས”དང་།བོད་གསར་རྙིང་བསྡུར་བ།མངའ་རིས་གཞོན་ནུའི་གླེང་སྟེགས་སོགས་ཆེད་དོན་འཆད་ཁྲིད་ཐེངས་3གཉེར་བ།མངའ་རིས་བརྙན་འཕྲིན་ལས་ཁུངས་ཀྱིས《ང་དང་མཉམ་དུ་སྦྱོང》ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་ཐེངས་2ཕབ་བཟོ་བྱས་ནས་དུས་ཐེངས་རེར་ཉིན་7བསྐྱར་སྟོན་བྱས་པ།ཆ་འཕྲིན་སྙན་ཞུ་ཐུང་གྲས་དུས་ཐེངས་230ལྷག་ཙམ་དང་དྲིལ་བསྒྲགས་ཆེད་སྒྲོམ་181བཟོས་པ།སློབ་སྦྱོང་དགའ་ཚལ་དུས་ཐེངས་48གཉེར་བ་བཅས་རེད།“ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བྱེད”ཅེས་པའི་ས་ཁུལ་གྱི་དྲིལ་བསྒྲགས་ཚོགས་པ་བཙུགས་ཏེ《དུས་ད་ལྟ་བར་བཅར་གླེང》དང《ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལག་ལེན་པའི་གམ་གྱི་མི་དང་བྱ་བ》ཞེས་པའི་ཆེད་སྒྲོམ་གྲབས་འཛུགས་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོའི་རྣམ་པ་ཟབ་མོ་ཞིག་གཏོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག