མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཚོང་དོན་ལས་དོན་དེ་ནང་མཁོ་རྒྱ་ཆེར་བཏང་ནས་འཛད་སྤྱོད་བྱེད་མང་དང་ཁྲོམ་ར་བརྟན་པོ་ཡོང་བར་ཤུགས་རྒྱག་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-11 10:25

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་གྱི་སྔ་དྲོ་2014ལོའི་ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་མིང་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་2014ལོའི་ཚོང་དོན་ལས་ཀ་ལེགས་པར་བསྒྲུབས་པར་འཆར་འགོད་སྒྲིག་གཞི་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་།དམངས་ལ་ཕན་བདེ་བསྐྲུན་རྒྱུའི་རྣམ་གྲངས་ལ་དམིགས་ནས་མ་དངུལ་ཁག་ལེགས་པར་སྤྱོད་པ།འགག་སྒོ་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་ཚོང་ལམ་ཤར་བགྲོད་ཡག་པོ་ཡོང་བ།སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུར་དམིགས་ནས་ཉོ་ཚོང་བྱེད་བདེ་ཡོང་བ་བྱེད་དགོས་པ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགནའཁྲིའི་སེམས་པ་དང་དགོས་གཏུགས་སེམས་པ་མུ་མཐུད་ཆེ་རུ་གཏོང་བ་དང་ཁྱབ་ཁོངས་གཙོ་བོའི་བརྟན་ལྷིང་ལས་དོན་དམ་འཛིན་ཤུགས་ཆེན་བྱས་ཏེ་ཚོང་དོན་ཁོངས་གཏོགས་འཆམ་མཐུན་བརྟན་ལྷིང་གི་སྒོ་ནས་ལྗོངས་ཡོངས་ཞི་མཐུན་བརྟན་ལྷིང་རྒྱུན་སྲིང་ཡོང་བར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག