མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བྱིས་གསོ་ཁང་དུ་སྨན་གང་བྱུང་དུ་སྤྱོད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-11 09:50

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་བྱིས་གསོ་ཁང་མང་དག་ཅིག་གིས་ཁྱིམ་བདག་ལ་གསལ་བཤད་མི་བྱེད་པར་ཕྲུ་གུར་མཉམ་སྡེབ་ཐོག་སྨན་སྟེར་བའི་གནས་ཚུལ་ལ་དམིགས་ནས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་མའོ་ཆུན་ཨན་གྱིས་ཚེས་8ཉིན་བྱིས་གསོ་ཁང་གིས་རང་དགར་སྨན་སྤྱོད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་བྱིས་གསོ་ཁང་གིས་བྱིས་པར་ཚོགས་སྤྱིའི་རང་བཞིན་གྱི་སྔོན་འགོག་སྨན་རང་དགར་སྟེར་བའི་བྱ་སྤྱོད་ལ་ས་གནས་ཁག་གིས་གྲལ་བཤེར་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

    མའོ་ཆུན་ཨན་གྱིས་སློབ་གསོ་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཉེ་ཆར་མཉམ་འབྲེལ་ཐོག་བརྡ་ཁྱབ་པར་འགྲེམས་བྱས་ནས་བྱིས་པར་ཚོགས་སྤྱིའི་རང་བཞིན་གྱི་སྔོན་འགོག་སྨན་རང་དགར་སྟེར་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུའི་བཀའ་ཁྱབ་ཞིབ་གསལ་བཏོན་ཡོད། གང་ཡིན་ཟེར་ན་བྱ་སྤྱོད་དེ་རིགས་རྒྱལ་ཁབ་ཀྱིས་བྱིས་གསོ་ཁང་གི་སློབ་མའི་བདེ་ཐང་ཞབས་ཞུའི་ལས་དོན་ལ་དོ་དམ་བྱེད་པའི་བླང་བྱ་དང་མི་འཚམ་པས་རེད། བརྡ་ཁྱབ་བཏང་རྗེས་ང་ཚོས་ས་ཁུལ་ཁག་ལ་ཟླ་4ཚེས་10ཉིན་གྱི་གོང་དུ་གནས་ཚུལ་དེ་རིགས་གྲལ་བཤེར་བྱས་ཏེ་ཚུར་སྣང་ལན་ཆ་ཆེ་བ་དང་དམར་རྗེན་དུ་བཏོན་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་འགན་འཁྲི་རྩད་གཅོད་ཤུགས་ཆེན་བྱས་ནས་འགན་འཁུར་བར་ཐག་གཅོད་ནན་པོ་བྱེད་པ་དང་འབྲེལ་སྤྱི་ཚོགས་ལ་ཞིབ་གཅོད་འབྲས་བུ་བརྡ་ཁྱབ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། ང་ཚོས་ས་གནས་ཁག་གི་གྲལ་བཤེར་དང་དེ་བཞིན་ཐག་གཅོད་གནས་ཚུལ་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱ་རྒྱུ་དང་མིག་སྔར་ལས་དོན་དེ་སྤེལ་བཞིན་ཡོད་ཅེས་བཤད་པ་རེད།

    མའོ་ཆུན་ཨན་གྱིས་རྒྱལ་ཁབ་ཀྱིས་བྱིས་གསོ་ཁང་གི་བྱིས་པའི་བདེ་ཐང་ཞབས་ཞུར་གཅིག་གྱུར་གྱི་གཏན་འབེབས་གསལ་པོ་བཏོན་པས་བྱིས་པའི་བདེ་ཐང་གི་བདེ་སྲུང་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང་ལྷག་པར་དུ་སྔོན་འགོག་རང་བཞིན་གྱི་སྨན་སྟེར་བའི་བྱ་སྤྱོད་སྤེལ་བར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྨན་བཅོས་སྒྲིག་གཞིའམ་ཡང་ན་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞིའི་མཛུབ་ཁྲིད་འོག་བྱེད་དགོས་བའི་རེ་འབོད་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག