མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རིགས་ཁྱིམ་དུ་ནུས་རྒྱུ་གཙང་མ་སྤྱོད་རྒྱུ་ཡོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-11 09:50

    མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་ཁུལ་དེ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ཟིན་པ་དང་ཉི་འོད་ནུས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། ད་ཕན་ལོ་ཤས་རིང་དར་ལག་རྫོང་གིས་རང་ངོས་ཀྱི་ཁྱད་ཆོས་གཞིར་བཟུང་རིམ་རྩིས་ལྟར་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་2.02བརྩོན་ལེན་བྱས་ཏེ་ཁོངས་གཏོགས་ནང་ཁུལ་གྱི་ཤང་10རུ་གཅིག་སྡུད་གློག་མཁོ་འདོན་བྱེད་པའི་ཉི་འོད་ནུས་པའི་འོད་ཤུགས་གློག་ཁང་10བསྐྲུན་པ་དང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྲའོ་ཝ་4.04ཟིན་ཞིང་། དེས་རྫོང་དེ་ཡོངས་ཀྱི་བོད་རིགས་འབྲོག་དུད་1000ལྷག་ཙམ་ལ་གློག་ནུས་གཙང་མ་སྤྱོད་རྒྱུ་བྱུང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག