མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་བདེ་བླག་ཡོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-11 09:50

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་ལྷོ་ཁ་ས་ཁུལ་གྱི་རྣམ་གྲངས་ཆེད་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ། འདི་ལོ་ཚུན་དུ་ལྷོ་ཁ་ས་ཁུལ་གྱིས་རྣམ་གྲངས་སྦྲེལ་མཐུད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ལག་ལེན་བསྟར་རིང་འཕྲད་པའི་དཀའ་གནད་དང་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། རྣམ་གྲངས་འཛུགས་སྐྲུན་ལ་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་བཅས་བྱས་པས་རྣམ་གྲངས་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱུང་ཡོད་པ་རེད།

    ལྷོ་ཁ་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་བསམ་དཀར་གྱིས་འདི་ལོའི་དུས་ཚིགས་དང་པོར་རྣམ་གྲངས་120ལས་འགོ་འཛུགས་པ་དང་བསྐྱར་དུ་འཛུགས་རྩིས་ཡོད་པའི་ཁྲོད་མཐུད་འཛུགས་རྣམ་གྲངས་50དང་གསར་སྐྲུན་རྣམ་གྲངས་70ཡོད་ཅིང་། མིག་སྔའི་བར་རྣམ་གྲངས་78ལས་འགོ་ཚུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    བསམ་དཀར་གྱིས་འདི་ལོ་ལྷོ་ཁ་ས་ཁུལ་དུ་2014ལོའི་རྒྱལ་ཁབ་ཀྱི་མ་འཇོག་འཆར་གཞིའི་རྣམ་གྲངས་396ཡོད་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་688.79ཟིན་ཡོད་ཅིང་། 2014ལོར་མ་དངུལ་སྒོར་དུང་ཕྱུར་93.4གཏོང་རྩིས་ཡོད་པ་རེད། རྣམ་གྲངས་དེ་དག་ལག་བསྟར་བྱེད་པ་དེས་ལྷོ་ཁ་ས་ཁུལ་གྱི་ཕྱི་དངོས་མཐུན་རྐྱེན་སྔར་བས་ལེགས་སུ་འགྲོ་རྒྱུ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རྨང་གཞི་བཟང་པོ་ཞིག་འདིང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག