མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་གཙང་དྲང་བདེན་ཡོང་བ་བྱེད།——རང་ལྗོངས་ཀྱི་སྐོར་གཟིགས་ལས་དོན་སྐོར་གྱི་སྒྲིལ་གླེང་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-11 09:50

    ལྟེ་བར་དམིགས་ནས་འགན་འཁྲི་ནན་ཏན་ངང་བསྒྲུབས་པ།

    ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་རང་ལྗོངས་ཀྱི་སྐོར་གཟིགས་སྒྲིག་གཞིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་ཕྱོགས་གསར་གཏོད་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་པས་སྐོར་གཟིགས་ལས་དོན་ལ་གྲུབ་འབྲས་གལ་ཆེན་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་སྤེལ་ཡང་བཏང་བས་རང་ལྗོངས་སུ་སྤྱོད་གཙང་དྲང་བདེན་གྱི་ཆབ་སྲིད་གནས་སྟངས་ཤིག་ཆགས་པ་བྱ་རྒྱུར་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་སྐོར་གཟིགས་སྒྲིག་གཞིས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་བརྗོད་བྱ་གཙོ་བོ་ཡིན་པའི་ལྟ་སྐུལ་སྟངས་འཛིན་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་དེ་བཞིན་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་བྱེད་པ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“སྟོང་གཏམ་གྱིས་རྒྱལ་དོན་འཕྱུགས། དོན་དམ་གྱིས་རྒྱལ་ཁབ་དར” ཞེས་པའི་གསུང་བཤད་དང་སྐོར་གཟིགས་ལས་དོན་ཐད་ཀྱི་བློ་མཐུན་ཝང་ཆི་ཧྲན་གྱི་གསུང་བཤད་ཀྱི་བླང་བྱ་དེ་སྐོར་གཟིགས་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པ་བཅས་ལ་འགན་ལེན་ནུས་ལྡན་བྱ་རྒྱུ་དེ་སྐོར་གཟིགས་ལས་དོན་གྱི་ཤུགས་རྒྱག་ས་དང་དོན་ལ་བབས་སར་བརྩིས་ཡོད་པ་རེད།

    འགན་འཁྲིའི་གནས་བབ་ཁ་གསལ་བཟོ་བ་དང་ལས་ཀའི་གཙོ་གནད་མངོན་གསལ་དུ་བཞག་པས་སྐོར་གཟིགས་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། མིག་སྔའི་བར་ལྗོངས་ཡོངས་ཀྱི་སྐོར་གཟིགས་སྒྲིག་གཞིས་ཁྱོན་ས་ཁུལ(གྲོང་ཁྱེར)བདུན་ལ་སྐོར་གཟིགས་རེས་སྐོར་གསུམ་བྱས་པ་དང་། ལྗོངས་ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པ་49དང་གཞུང་ཁོངས་ཁེ་ལས་3 རྫོང(གྲོང་ཁྱེར་དང་ཆུས)70་བཅས་ལ་སྐོར་གཟིགས་བྱས་པ། ལས་གྲྭའི་འཛུགས་སྐྲུན་གྱི་འོས་སྐུལ་འོས་དཔོད་དང་། གཉེར་སྐྱོང་རང་བཞིན་གྱི་ས་ཆ་སྤྱོད་དབང་འོས་སྐུལ་འོས་དཔོད་དང་། ཧབ་ཚོང་། བརྟེན་སྦྱར་བཅས། གྲོང་གསེབ་གསར་པ་འཛུགས་སྐྲུན། སྲིད་གཞུང་གི་ཉོ་སྒྲུབ། སྨན་རྫས་ཉོ་ཚོང་སོགས་ལ་ཆེད་དམིགས་སྐོར་གཟིགས་བྱས་པ། ལྗོངས་ཡོངས་ཀྱི་ས་ཁུལ(ཐིང)རིམ་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་བོད་སྐྱོར་ལས་བྱེད་པ་ཁག་གཅིག་ལ་གཅིག་སྡུད་དཔྱད་ཞིབ་དང་ས་ཁུལ(གྲོང་ཁྱེར)གྱི་ཀྲོན་ཡོན་གཞོན་པ་དང་ཧྲི་ཀྲང་གཞོན་པ་ཡོངས་བསྒྲགས་འདེམས་བསྐོ་སོགས་ཀྱི་ལས་དོན་ནང་ཞུགས་ནས་སྐབས་བརྗེའི་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་སྐོར་གཟིགས་ལས་དོན་གྱི་ཆབ་སྲིད་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཡོང་བའི་འགན་ལེན་བྱུང་བ་རེད།

    གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འཕེལ་རྒྱས་ལ་སྐུལ་མ་བཏང་བ།

    སྐོར་གཟིགས་ལས་དོན་གྱི་གཞི་རྩའི་དམིགས་ཡུལ་དེ་གནད་དོན་རྟོགས་པ་དང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་མ་བཏང་སྟེ་སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པའི་ལས་དོན་ལེགས་སུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད། རང་ལྗོངས་ཀྱི་སྐོར་གཟིགས་ཚོགས་ཆུང་ཁག་གིས་ལས་དོན་སྒྲུབ་རིང་སྐོར་གཟིགས་བྱ་ཡུལ་རྫོང་དང་ཚན་པའི་འཕེལ་རྒྱས་ཀྱི་དཔེ་མཚོན་ཉམས་མྱོང་ཤེས་རྟོགས་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། འཕེལ་རྒྱས་གཏོང་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། དུས་ཐོག་ཏུ་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་དང་གྲོས་འགོ་ཁག་གཅིག་བཏོན་པ། དག་ཐེར་གྱི་ཁ་ཕྱོགས་དང་གཙོ་གནད་གསལ་པོ་བཟོས་པ་བཅས་བྱས་པས་སྐོར་གཟིགས་བྱ་ཡུལ་རྫོང་དང་ཚན་པའི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་མ་ནུས་ལྡན་བྱུང་ཡོད་པ་རེད། ཐག་རིང་ལུང་ཁུག་གི་ས་ཁུལ་དང་རྫོང་ཁག་གཅིག་གི་འགྲིམ་འགྲུལ་དང་ནུས་རྒྱུ་འཛུགས་སྐྲུན་རྗེས་ལུས་དང་ཤེས་ལྡན་མི་སྣ་ཤོར་བ་སོགས་ལས་ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་ལ་ཚོད་འཛིན་བཟོ་བའི་དཀའ་གནད་ཆེན་པོར་དམིགས་ཏེ་སྐོར་གཟིགས་ཚོགས་ཆུང་གིས་བསམ་འཆར་དང་གྲོས་འགོ་བཏོན་པ་མ་ཟད་རྗེས་བསྙེགས་ཤེས་རྟོགས་དང་དོན་འཁྱོལ་ལ་ལྟ་སྐུལ་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་ལམ་ལུགས་རང་བཞིན་གྱི་གནད་དོན་ཁག་གཅིག་དུས་ཐོག་ཏུ་ཐག་གཅོད་བྱས་པ་དང་གཞི་རིམ་འཕེལ་རྒྱས་མགྱོགས་སུ་འགྲོ་བ་དང་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་མ་བཏང་ཡོད་པ་རེད།

    འགན་འཁྲི་མཐོ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་བྱས་པ།

    “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད། ལྗོངས་ཏང་ཨུད་ཀྱིས་བརྟན་ལྷིང་དེ་ཐོག་མཐའ་བར་གསུམ་དུ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲི་ཨང་དང་པོར་བརྩི་གི་ཡོད་པ་དང་རང་ལྗོངས་ཀྱི་སྐོར་གཟིགས་སྒྲིག་གཞིས་བོད་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ཁག་ལ་ནན་པོར་གཞིགས་ནས་སྐོར་གཟིགས་བྱ་ཡུལ་ས་ཁུལ(རྫོང)དང་ཚན་པའི་ཏང་སྲིད་རྩ་འཛུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་དང་། བཀོད་སྒྲིག བྱ་ཐབས་དོན་འཁྱོལ། དངོས་ཕན་ཐོབ་པ་བཅས་ནས་འགོ་བཙུགས་ཏེ་ཚན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤེས་རྟོགས་དང་ལས་བྱེད་པའི་ཆབ་སྲིད་རྣམ་འགྱུར་དང་མང་ཚོགས་ཀྱི་བསམ་བློའི་འཁྱེར་སོ་ཁོང་དུ་ཆུད་པ་བྱ་རྒྱུར་སྣང་ཆེན་གྱིས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་དཀའ་གནད་དང་ཉམས་ཞན་ལྷུ་ཚིགས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གྲོས་འགོ་དང་བསམ་འཆར་བཏོན་ཏེ་གཞི་རིམ་རྩ་འཛུགས་ལ་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་བྱ་ཐབས་དེ་དམིགས་སར་དོན་འཁྱོལ་ཡོང་བའི་རོགས་རམ་ཧུར་ཐག་བྱས་པ་རེད།

    མང་ཚོགས་དང་སེམས་པ་གཅིག་ཏུ་སྦྲེལ་ནས་དམངས་འཚོ་གཞི་རྩར་འཛིན་པ།

    སྐོར་གཟིགས་ཚོགས་ཆུང་ཁག་གིས་གཞི་རྩ་ཡིན་པའི་དམངས་འཚོར་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་མེད་དེ་སྐོར་གཟིགས་ལྟ་སྐུལ་གྱི་ལས་འགན་གལ་ཆེན་དང་།མང་ཚོགས་དགའ་པོ་བྱེད་མིན་དང་། ཁས་ལེན་མིན། བློ་ཡིད་ཚིམ་མིན་བཅས་དེ་ཚན་ཁག་གཅིག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཐད་ཐོབ་པའི་དངོས་ཕན་དང་གནས་པའི་གནད་དོན་ཤེས་རྟོགས་བྱ་རྒྱུར་དོ་སྣང་བྱས་པ་མ་ཟད་བླང་བྱའང་ཁ་གསལ་བཏོན་ནས་སྐོར་གཟིགས་བྱ་ཡུལ་རྫོང་དང་ཚན་པའི་དམངས་འཚོའི་ལས་དོན་ལེགས་སུ་གཏོང་རྒྱུར་སྐུལ་མ་བཏང་བ་རེད།

    དེ་དང་ཆབས་ཅིག་གཞི་རིམ་ལས་བྱེད་པའི་དཔུང་ཁག་འགའ་ཤས་ཁྲོད་སྤྱོད་ཚུལ་མི་ལེགས་པ་དང་། ཞབས་ཞུའི་འདུ་ཤེས་དེ་ཙམ་ཆེན་པོ་མེད་པ། ལས་ཀའི་བྱེད་སྟངས་སྟབས་བདེ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྐོར་གཟིགས་ཚོགས་ཆུང་གིས་ལས་བྱེད་པའི་སྤྱོད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བས་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་སོང་བ་མ་ཟད་ཞིང་འབྲོག་ཁུལ་གྱི་གཞི་རིམ་ལ་ཡུན་རིང་དཀའ་གནད་བཟོ་བའི་གནད་དོན་མངོན་གསལ་དོད་པོ་ཁག་གཅིག་ཐག་གཅོད་ཐུབ་སྟེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་བདེ་བླག་ངང་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱུང་བ་རེད།

    སྒྲིག་ལམ་ནན་དུ་བཏང་ནས་སྤྱོད་གཙང་ཡོང་བར་སྐུལ་འདེད་བཏང་བ།

    ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གཞིགས་ནས་སྐོར་གཟིགས་ཚོགས་ཆུང་ཁག་གིས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་དང་། ཏང་འཛུགས་སྐྱོང་ལ་སྐུལ་སྤེལ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ། ལས་བྱེད་པ་འོས་འདེམས་དང་བསྐོ་སྤྱོད། “སྤྱོད་ཚུལ་བཞིའི”གནད་དོན་སོགས་ཐད་ཀྱི་འགོ་ཁྲིད་ཚན་ཁག་དང་དེ་བཞིན་ཁོངས་མིའི་གནས་ཚུལ་གཙོ་གནད་ཐོག་ཤེས་རྟོགས་བྱས་པ་མ་ཟད། གནས་པའི་གནད་དོན་གཙོ་གནད་ཐོག་འཚོལ་བཤེར་བྱས་ནས་གནད་དོན་ཅུང་མང་བའི་ལས་བྱེད་པར་ཐག་གཅོད་བསམ་འཆར་བཏོན་པ་རེད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བར་སྐུལ་མ་བཏང་བ་དེས་རིམ་ཁག་འགོ་ཁྲིད་ལས་བྱེད་པར་ཉེན་བརྡ་ཐོབ་པ་དང་། མི་མངོན་པའི་སྒྲིག་འགལ་ཁྲིམས་འགལ་མི་སྣར་འཇིགས་དངངས་ཐེབས་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྐུལ་ལྕག་ཟབ་མོ་ཐེབས་པ་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོའང་བྱུང་བ་རེད།

    ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ནན་པོ་སྐྱོང་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་སྟེ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་སྐོར་གཟིགས་ལས་དོན་ལ་བཀོད་སྒྲིག་གསར་པ་དང་བླང་བྱ་སྔར་བས་མཐོ་པོ་བཏོན་གནང་བ་རེད། སླད་ཕྱིན་གྱི་ལས་ཀའི་ཁྲོད་རང་ལྗོངས་ཀྱི་སྐོར་གཟིགས་སྒྲིག་གཞིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་བཅས་ཀྱི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་སྐོར་གཟིགས་ལས་དོན་གྱི་ནུས་པ་གང་ལེགས་འདོན་པ་དང་། “ལྟེ་བ་གཅིག་དང་ཤུགས་རྒྱག་ས་བཞི”ལ་དམ་པོར་དམིགས་ནས་ལྟ་སྐུལ་ཏེ་སྐོར་གཟིགས་བྱེད་སྟངས་དང་བྱེད་ཐབས་ལེགས་བཅོས་བྱེད་པ་དང་། སྐོར་གཟིགས་ལས་དོན་དེ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བ། སྐོར་གཟིགས་ལམ་ལུགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ལྗོངས་ཏང་ཨུད་ཀྱི“རྒྱང་མཐོང”ཡག་པོ་བྱེད་པ་དང་བོད་ཀྱིས་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།(བདེ་སྐྱིད་སྒྲོལ་དཀར་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག