མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་གློག་མེད་པའི་ས་ཁུལ་ལ་གློག་ཤུགས་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-10 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོར། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱིས་གློག་མེད་པའི་ས་ཁུལ་ལ་གློག་ཤུགས་འཛུགས་སྐྲུན་རྣམ་གྲངས12ལག་བསྟར་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.96བཏང་སྟེ། མང་ཚོགས་མི་ཁྲི8ལྷག་གི་གློག་སྤྱོད་པའི་གནད་དོན་ཐག་གཅོད་པར་བརྩོན་ལེན་བྱེད་བཞིན་ཡོད།

ཟླ3པའི་ཚེས31ཉིན་བར་དུ། ཆབ་མདོ་ས་ཁུལ་དུ་འཛུགས་སྐྲུན་བྱས་ཡོད་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་ཆུ་གློག་ས་ཚུགས99ཡོད་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་བསྡོམས་གྲངས་སྟོང་ཝ་ཁྲི12.48ལ་སླེབས། ཉི་འོད་གློག་འདོན་ས་ཚུགས89ཡོད་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་བསྡོམས་གྲངས་སྟོང་ཝ1780ལ་སླེབས་ཡོད་པས། མི་ཁྲི39.49ལྷག་གི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས་ཤིང་། གྲོང་རྡལ་གྱི་གློག་འཐེན་ཚད་དང་གློག་སྤྱོད་ཚད79%ལ་སླེབས་པ་དང་། སྲིད་འཛིན་གྲོང་ཚོ་རུ་གློག་འཐེན་ཚད59%ལ་སླེབས་ཡོད་དེ། རོང་འབྲོག་ཁུལ་གྱི་གློག་ཤུགས་ཁྱབ་ཚད57.3%བཅས་ལ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག