མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས2013ལོའི་ལོ་མཇུག་བར་དུ་གྲོང་ཁྱེར་ཡོངས་ལ་དྲོད་འདོན་བཟོ་སྐྲུན་ཕལ་ཆེར་ཡོངས་སུ་ཁྱབ་པའི་དམིགས་འབེན་མངོན་འགྱུར་བྱས།

  ཡོང་ཁུངས། མི་དམངས་དྲ་བ།  2014-04-10 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། 2013ལོའི་ལོ་མཇུག་བར་དུ། ལྷ་ས་གྲོང་ཁྱེར་གྱི་དྲོད་འདོན་བཟོ་སྐྲུན་ལས་སྡོད་དམངས་འདུས་སྡོད་ཁུལ664དང་གཞུང་བཙུགས་སྡེ་ཁག་གི་ཁྱིམ་ཚང་ཁྲི10.7ལ་དྲོད་འདོན་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། དྲོད་འདོན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི1987ལ་སླེབས་ཡོད་པས། 2013ལོའི་ལོ་མཇུག་བར་དུ་གྲོང་ཁྱེར་ཡོངས་ལ་དྲོད་འདོན་བཟོ་སྐྲུན་ཕལ་ཆེར་ཡོངས་སུ་ཁྱབ་པའི་དམིགས་འབེན་མངོན་འགྱུར་བྱས། ད་ལོར་ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་དུ་དྲོད་འདོན་ལས་གཞི་ཁྱིམ་ཚང་དུ་བསྐྱོད་པའི་བཟོ་སྐྲུན་རབ་དང་རིམ་པ་ལེགས་པོར་སྒྲུབ་ཏེ། ཁྱབ་རྒྱ་ཇེ་ཆེར་བཏང་ནས། དྲོད་འདོན་བྱ་བའི་དུས་མཇུག་གི་དོ་དམ་ལམ་ལུགས་ཡུན་རིང་འཐུས་ཚང་འཛུགས་སྐྲུན་བྱ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག