མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཧི་མ་ལ་ཡའི་རི་འཛེགས་རིག་གནས་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-10 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས9ཉིན།  2014ལོའི་བོད་ལྗོངས་ཡོངས་ཀྱི་ལུས་རྩལ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལྷ་ས་ནས་བསྡུས།

བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་ཆོས་འཕེལ་གྱིས་ད་ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བསྡུ་རྒྱུ་ཡིན་པའི་ལུས་རྩལ་འགྲན་ཚོགས་དག་ད་ལོའི་སྲིད་གཞུང་གི་བྱ་བའི་གཙོ་གནད་དུ་འཇོག་རྒྱུ་ཡིན་པ་དང་།  “ང་ཚོའི་ཐེངས་སྔོན་མའི་ལུས་རྩལ་འགྲན་ཚོགས་ཚང་མ་ལྷ་ས་ནས་བསྡུས་བཞིན་པའི་བྱེད་ཐབས་བསྒྱུར་ཏེ།  སྐབས་བཅུ་གཅིག་པའི་རང་སྐྱོང་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ལྷོ་ཁ་ས་ཁུལ་དུ་བསྡུ་རྒྱུ་ཡིན”ཞེས་ཟེར།

 ད་ལོ་བོད་རང་སྐྱོང་ལྗོངས་ཀྱིས་ད་དུང་ཕུན་སུམ་ཚོགས་པ་དང་ཐུན་མོང་མ་ཡིན་པའི་རི་འཛེགས་ཐོན་ཁུངས་བེད་སྤྱོད་པ་དང་།  བོད་ལྗོངས་རྒྱལ་སྤྱིའི་རི་འཛེགས་གནས་སྐོར་སློབ་གླིང་འཛུགས་སྐྲུན་བྱེད་རྒྱུ་ཡིན་པའི་གོ་སྐབས་དང་བསྟུན་ནས།  འཛམ་གླིང་དུ་ཤུགས་རྐྱེན་ཐེབས་ཐུབ་པའི་རི་འཛེགས་འགྲེམ་སྟོན་དང་གསོ་སྦྱོང་། བརྗེ་རིས་བྱེད་པའི་སྟེགས་བུ་གསར་སྐྲུན་བྱས་པ་བརྒྱུད།  ཧི་མ་ལ་ཡའི་རི་འཛེགས་རིག་གནས་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་དུས་མཚུངས་སུ།  ཚོང་རྟགས་འདུ་ཤེས་ལ་ཤུགས་བསྣན་ཏེ་སྐབས་བཅུ་གཉིས་པའི་བོད་ལྗོངས་རི་འཛེགས་ཚོགས་ཆེན་ལེགས་འགྲུབ་འབྱུང་བར་རྩ་འཛུགས་ལེགས་པོ་བྱེད་རྒྱུ་རེད།  །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག