མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར1.3བཏང་སྟེ་རོང་འབྲོག་ཁུལ་གྱི་སློབ་མར་དྲོད་འཁོལ་སྦྱིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-10 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན།  2012ལོ་ནས་བཟུང་།  བོད་ལྗོངས་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར1.3ལྷག་བཏང་སྟེ།  ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་དུ་ཉི་ནུས་ཁྲུས་ཁང་འཛུགས་སྐྲུན་ཚོད་ལྟའི་བཟོ་འགོད་ལག་བསྟར་བྱས་པ་དང་།  མཚོ་ངོས་མཐོ་བའི་རོང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དུ་དྲོད་འཁྱམས་འཛུགས་སྐྲུན་བྱེད་འགོ་བརྩམས།

 རྒྱུས་ལོན་པ་ལྟར་ན། 2012ལོ་ནས2013ལོ་བར།  ཉི་ནུས་ཁྲུས་ཁང་འཛུགས་སྐྲུན་བྱེད་པར་མ་དངུལ་བསྡོམས་པས་སྒོར་ཁྲི9201བཏང་ཞིང་། རོང་འབྲོག་ཁུལ་གྱི་བཅའ་སྡོད་སློབ་གྲྭ109ནས་ཉི་ནུས་ཁྲུས་ཁང་བཟོ་འགོད་ལག་བསྟར་བྱས།  མིག་སྔའི་བར།  2012ལོར་སློབ་གྲྭ45རུ་འཛུགས་སྐྲུན་བྱས་པའི་ཁྲུས་ཁང་ཚང་མ་ལེགས་འགྲུབ་བྱུང་ནས་དངོས་སུ་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་དང་།  རོང་འབྲོག་ཁུལ་གྱི་སློབ་མ་ཁྲི59470ཡི་ལུས་པོ་གཙང་སྤྲ་བྱེད་དཀའ་བའི་གནད་དོན་ཐག་བཅད། ཆེད་སྤྱོད་མ་དངུལ་སྒོར་ཁྲི4159བཏང་ནས་མཚོ་ངོས་མཐོ་བའི་ས་ཁུལ་གྱི་བཅའ་སྡོད་སློབ་གྲྭའི་སློབ་ཁྲིད་དང་འཚོ་བར་མཁོ་བའི་ཁང་པ་རུ་དྲོད་འཁྱམས་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་པས།  དགེ་སློབ་ཁྲི1ལྷག་ལ་ཕན་བདེ་སྐྲུན།

མཚམས་སྦྱོར་བྱས་པ་ལྟར་ན།  ཁྱོན་ཡོངས་ནས་བོད་ལྗོངས་ཀྱི་སློབ་ཁུལ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ཆེད།  བོད་ལྗོངས་ཀྱིས་སྔར་ལས་ལྷག་པར་ནུས་ཤུགས་ཡོད་དགུ་བཏོན་པ་དང་མ་དངུལ་བརྩོན་ལེན་བྱས་ནས།  སློབ་གྲྭ་ཆུང་འབྲིང་ཡོངས་ནས་ཁྲུས་ཁང་དང་དྲོད་འཁྱམས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་།  སྔར་ལས་ལྷག་པར་སློབ་གྲྭའི་ཁྲུས་ཁང་དང་དྲོད་འཁྱམས་འཛུགས་སྐྲུན་གྱི་འཆར་འགོད་དང་གསོག་འཇོག་བྱ་བ་ལེགས་པོ་སྒྲུབ་རྒྱུ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག