མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་ཡུལ་སྐོར་ལ་ཕེབས་མཁན་ཇེ་མང་དུ་འགྲོ་བའི་དུས་ཚིགས་ཐོན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-04-09 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ 3པའི་ཚེས 26ཉིན་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གཏོང་འགོ་བཙུགས་པ་དེས་ཉིང་ཁྲི་ཙམ་མ་ཟད་ལྗོངས་ཡོངས་སུ་ཡུལ་སྐོར་ལ་ཕེབས་མཁན་ཇེ་མང་དུ་འགྲོ་བའི་དུས་ཚིགས་ཤར་བ་མངོན་གྱི་ཡོད་པ་རེད། རང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ཁང་ཁག་གིས་ཀྱང་ཡུལ་སྐོར་ལམ་ཐིག་མང་པོ་ཞིག་གཏོད་དེ་ཡུལ་སྐོར་བའི་ཡིད་དབང་འགུག་ཐབས་བྱེད་ཀྱི་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་རིམ་སྤོར་བྱས་ནས་ཡར་ཀླུང་རིག་གནས་དང་ཞང་ཞུང་རིག་གནས། ཇ་རྟའི་གནའ་ལམ། བྱང་ཐང་གི་བདག་མེད་སྲོག་ཆགས་ལ་ལྟ་བའི་གཟིགས་སྐོར་བར་ཁྱམས་སོགས་ཡུལ་སྐོར་བྱ་ཡུལ་རྩེ་གྲ་སྐྱེད་སྲིང་བྱ་རྒྱུ་དང་ཆབས་ཅིག གསར་བརྗེའི་གནའ་ཤུལ་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་ལ་རྒྱབ་སྐྱོར་ཤུགས་ཆེར་བྱས་ཏེ། བོད་དུ་ཡུལ་སྐོར་བྱེད་པར་ཡོང་མཁན་ལ་སྣེ་མང་དང་སྤུས་ལེགས་ཀྱི་ཡུལ་སྐོར་ཞབས་ཞུ་བྱེད་རྒྱུ་རེད།

རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ན་ནིང་རང་ལྗོངས་ཀྱིས་སྔ་ཕྱི་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ1291 ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ 22 འཕར་ནས། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་ད་ལོ་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ 1500 སྣེ་ལེན་བྱས་ཏེ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར 200ཟིན་པ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག