མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་བོད་བརྒྱུད་ནང་བསྟན་གྱི་ལྷ་རམས་པའི་དམ་བཅའ་འཇོག་པ་དང་དཔང་ཡིག་གནང་བའི་མཛད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-04-09 10:38

བོད་རང་སྐྱོལ་ལྗོངས་ཀྱིས2014 ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་དཔང་རྟགས་གནང་བའི་མཛད་སྒོ་སྤེལ་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི2014 ལའི་བོད་བརྒྱུད་ནང་བསྟན་གྱི་ལྷ་རམས་པའི་དམ་བཅའ་འཇོག་པ་དང་དཔང་ཡིག་གནང་བའི་མཛད་སྒོ་ལྷ་སའི་གཙུག་ལག་ཆེན་མོ་ནས་འཚོགས་པ་རེད། མཛད་སྒོའི་སྟེང་དུ། ལྷ་ས་གྲོང་ཁྱེར་སེ་ར་དགོན་དང་འབྲས་སྤུངས་དགོན། དགའ་ལྡན་དགོན། ར་སྟོད་དགོན། གཞིས་ཀ་རྩེ་ས་ཁུལ་གྱི་བཀྲ་ཤིས་ལྷུན་པོ་དགོན། ཆབ་མདོ་ས་ཁུལ་གྱི་བྱམས་པ་གླིང་དགོན། བྲག་གཡབ་དགོན། བྱང་སྟོད་དགོན། ནག་ཆུ་ས་ཁུལ་གྱི་བྱང་ངོས་དགོན། ཆོས་འཁོར་དགོན་བཅས་ཀྱི་གྲྭ་བཙུན་བཅུ་དམ་བཅའ་འཇོག་པར་ཞུགས་ཡོད།

ཐེངས་འདིའི་བྱེད་སྒོ་ནི་ཉིས་སྟོང་བཞི་ལོར་བོད་བརྒྱུད་ནང་བསྟན་ཀྱི་ལྷ་རམས་པའི་དམ་བཅའ་འཇོག་པའི་ལས་དོན་བསླར་གསོ་བྱས་པའི་རྗེས་ཀྱི་ཐེངས་བཅུ་བ་ཡིན། བྱེད་སྒོ་འདི་ནི་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ཆོས་བཟང་གིས་གཙོ་སྐྱོང་གནང་བ་ཡིན་པ་རེད།

ལོ་འདིར་དགེ་བཤེས་ལྷ་རམས་པའི་སློབ་གནས་ཐོབ་པའི་གྲྭ་བཙུན་བཅུ་ནི་བོད་ལྗོངས་ཀྱི་དགོན་སྡེ་ཆེན་པོ་ཁག་སོ་སོའི་ཆོས་གཞུང་དགེ་རྒན་གཙོ་བོ་དག་ཡིན་ལ། ཁོ་ཚོར་ཤེས་རིག་འགྱོན་ཐང་ཆེ་བ་དང་། གཞུང་བཀའ་པོད་ལྔ་ལ་ཐོག་པ་མེད། ཐེངས་འདིའི་བྱ་འགུལ་ནི་དགོན་སྡེ་ཞུགས་མཁན་ཆེས་མང་བའི་ཐེངས་གཅིག་ཡིན།

དམ་བཅའ་འཇོག་མཁན་ལ་ཡིད་ཆེས་བརྟན་པོས་ཁེངས་ཡོད་པ།

མཇུག་མཐར། འབྲས་སྤུངས་དགོན་པའི་དམ་བཅའ་བ་ངག་དབང་ལགས་ཀྱིས་ཕུལ་དུ་བྱུང་བའི་སྦྱངས་འབྲས་ཀྱིས་ཨང་དང་པོ་བླངས་པ་དང་། སེ་ར་དགོན་པའི་བློ་བཟང་འཕྲིན་ལས་དང་ཆབ་མདོ་ས་ཁུལ་བྱམས་པ་གླིང་དགོན་པའི་བློ་བཟང་ཆོས་ནོར་གཉིས་ཀྱིས་རེ་རེ་བཞིན་ཨང་གཉིས་པ་དང་གསུམ་པ་བླངས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། དགེ་བཤེས་ལྷ་རམས་པ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གྲྭ་བས་མདོ་ལུགས་སྦྱངས་བའི་སྐབས་ཀྱི་ཆེས་མཐོ་བའི་སློབ་གནས་ཡིན་པ་རེད། དེང་རབས་ཀྱི་འབུམ་རམས་པའི་སློབ་གནས་དང་འདྲ་བའི་ཆོས་ལུགས་ཀྱི་སློབ་གནས་དེ་ནི། བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དག་གིས་འཚོལ་སྙེག་བྱ་སའི་དམིགས་འབེན་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག