མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ས་གནས་ཁག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-09 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱའི་དུར་མཆོད་ཉིན་དེ་ཟླ4བའི་ཚེས5ཉིན་ནི་རང་རྒྱལ་གྱི་སྲོལ་རྒྱུན་དུས་ཆེན་དུར་མཆོད་ཉིན་མོ་ཡིན། བོད་ལྗོངས་ཀྱི་ས་གནས་ཁག་གི་ཏང་ཡོན་ལས་བྱེད་པ་རྣམས་མ་སྐུལ་རང་རྟོགས་ཀྱིས་སྔོན་གཤེགས་དཔའ་བོའི་བང་སོ་ཚལ་དུ་བསྐྱོད་དེ་སྔོན་གཤེགས་དཔའ་བོར་མྱ་ངན་ཚད་མེད་ཀྱིས་དྲན་གསོ་གནང་བ་དང་། དཔའ་བོ་དེ་དག་ལ་ཡིད་སྨོན་དང་གུས་བཀུར་བླ་མེད་བགྱིས་ཏེ་དྲན་གདུང་གི་བསམ་པ་མཚོན་པར་བྱས།

ཟླ4པའི་ཚེས4ཉིན་གྱི་ཞོགས་པར། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་རྣམས་ཞོགས་པ་སྔར་མོར་སྔོན་གཤེགས་དཔའ་བོའི་བང་སོ་ཚལ་དུ་བསྐྱོད་དེ། དུར་ས་གཙང་ཕྱགས་བྱེད་པ་དང་། སྔོན་གཤེགས་དཔའ་བོར་མཇལ་དྲན་ཞུ་བ། དམག་སྤྱི་ཆེན་མོ་བློ་མཐུན་ཀའོ་དབྱི་ལི་ལ་རྗེས་དྲན་ཞུ་བ་བཅས་ཀྱིས་དཔའ་བོའི་མཛད་རྗེས་ལ་ཕྱིར་དྲན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོས་ཉམས་སད་དང་ལེན་གནང་།

ཚེས4ཉིན་གྱི་སྔ་དྲོར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཨུ་ཡི་བོད་སྐྱོར་སྐོར་ཁག་བདུན་པའི་ལས་བྱེད་པ་༥༠ལྷག་གིས་མེ་ཏོག་དཀར་པོ་བྲང་ཁར་འཕྱིང་ནས་ལྷ་ས་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཚལ་དུ་བསྐྱོད་དེ། བང་སོར་གཙང་ཕྱགས་དང་བཅས་གདུང་སེམས་ཚད་མེད་ཀྱིས་རྗེས་དྲན་ཞུས།

ཟླ4པའི་ཚེས3ཉིན་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་སྐོར་ཁག་བདུན་པའི་ལས་བྱེད་པ་རྣམས་གཞིས་རྩེའི་སྔོན་གཤེགས་དཔའ་བོའི་བང་སོ་ཚལ་དུ་བསྐྱོད་དེ། ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་སྐོར་ཁག་གཉིས་པའི་ལས་བྱེད་པ་ཧྲའོ་ཧའེ་ཡུན་གྱི་དུར་ལ་གཙང་ཕྱགས་མཆོད་འབུལ་མཛད་དེ་བོད་ལྗོངས་འཛུགས་སྐྲུན་གྱི་ཕྱིར་དུ་རང་སྲོག་བློས་བཏང་བའི་དཔའ་བོ་ཧྲའོ་ཧའེ་ཡུན་ལ་གདུང་མཇལ་ཞུས།

ཟླ4པའི་ཚེས4ཉིན་ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་དང་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་མྱུལ་ཞིབ་རུ་ཁག་གཉིས་ཀྱིས་ཏང་ཡོན་དང་དམངས་དམག་སྒྲིག་འཛུགས་བྱས་ཏེ། ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཚལ་དུ་བསྐྱོད་དེ་སྔོན་གཤེགས་དཔའ་བོའི་མཛད་རྗེས་དང་སྙིང་སྟོབས་ལ་རྗེས་དྲན་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག