མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོར་བོད་ལྗོངས་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཕྱོགས་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར17.25གཏན་འབེབས་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-09 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཤང་ཡོངས་ནས་ཁྱབ་སྤེལ་བྱེད་པ་དང་དབུལ་ཕོངས་དུད་ཁྱིམ་གྱི་བདེ་སྡོད་བཟོ་འགོད་སོགས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད།  དབུལ་སྐྱོར་མང་ཚོགས་ཀྱི་ཡོང་སྒོ་སྔར་ལས་ཇེ་མང་དུ་སོང་ཞིང་།  དབུལ་སྐྱོར་གསར་སྤེལ་ལས་དོན་ཐད་གྲུབ་འབྲས་མངོན་གསལ་ཐོབ།

 བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིན་ཞིང་ལས་ཁྲུའུ་ཡི་འགོ་གཙོ་ཟླ་བ་བསམ་འགྲུབ་ཀྱིས་མཚམས་སྦྱོར་བཤད་རྒྱུར།  2013ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཕྱོགས་ཀྱི་མ་དངུལ་སྒོར་དུང་ཕྱུར17.25གཏན་འབེབས་བྱས་ཤིང་།  ལོ་ཡོངས་སུ་ཤང་ཡོངས་ནས་ཁྱབ་སྤེལ་བྱེད་པ་དང་དབུལ་ཕོངས་དུད་ཁྱིམ་གྱི་བདེ་སྡོད་བཟོ་འགོད་སོགས་དབུལ་སྐྱོར་རྣམ་གྲངས2694ལག་བསྟར་བྱས་པས།  དབུལ་སྐྱོར་རྣམ་གྲངས་ལྗོངས་ཡོངས་ཀྱི་དུད་ཁྱིམ་ཁྲི10.76དང་རོང་འབྲོག་པ་མང་ཚོགས་ཁྲི49.5ལ་ཁྱབ་ཡོད།

ཤེས་གསལ་བྱུང་བ་ལྟར་ན།  སྔར་ལས་ལྷག་པར་བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་བདེ་བླག་ངང་སྤེལ་ཆེད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཕྱོགས་ཀྱིས་དབུལ་སྐྱོར་གསར་སྤེལ་ལས་དོན་ནི་ཞིང་ལས་རྒྱབ་སྐྱོར་བྱེད་པའི་བྱ་བ་གཙོ་གནད་དུ་བཞག་ནས།  དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱེད་པར་མ་དངུལ་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་པ་དང་ནུས་ཤུགས་ཡོད་ཚད་ཀྱིས་དབུལ་སྐྱོར་རྣམ་གྲངས་ཁྱབ་སྤེལ་བྱས་པ་སོགས་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོད་འཁོལ་བསྐྱལ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག