མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས《སློབ་གསོ་རོགས་སྐྱོར་བཟོ་འགོད་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-09 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན།  ཉེ་ལམ།  བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་དབུལ་སྐྱོར་བཟོ་འགོད་ལག་བསྟར་ཇུས་གཞི》འགྲེམ་སྤེལ་བྱས་ཏེ།  སློབ་གསོ་དབུལ་སྐྱོར་གྱི་སྤྱིའི་བླང་བྱ་དང་དམིགས་འབེན།  ལས་འགན་གཙོ་བོ་དང་འགན་སྲུང་བྱེད་ཐབས་སོགས་གཏན་འཁེལ་བྱས།

 《ལག་བསྟར་ཇུས་གཞི》ལས་སློབ་གསོ་དབུལ་སྐྱོར་བཟོ་འགོད་དེ་དབུལ་སྐྱོར་ལས་འགན་ཁྲོད་ཀྱི་གཙོ་གནད་གོ་གནས་གཏན་འཁེལ་བྱས་ཤིང་། “ཚང་མའི་སློབ་གསོ་མྱོང་ཐུབ་པ་དང་ལག་རྩལ་ཡོད་པ།  དུད་ཁྱིམ་ཚང་མ་འབྱོར་ཕྱུག་གི་ལམ་དུ་སྐྱོད་ཐུབ་པའི”བླང་བྱ་གཞིར་བཟུང་ནས། མི་དམངས་མང་ཚོགས་ཀྱི་རིག་གནས་བྱང་ཚད་དང་ངལ་རྩོལ་བའི་ནུས་རྩལ་མཐོར་འདེགས་སུ་གཏོང་བར་གཙོ་བོར་བཞག་པ་བརྒྱུད།  ཁྱོན་ཡོངས་ནས་རྨང་གཞིའི་སློབ་གསོ་ལ་ཤུགས་བསྣན་པ་དང་དེང་རབས་ལས་རིགས་སློབ་གསོ་དར་སྤེལ་བྱེད་པ།  ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་ཤུགས་བསྣན་པ་སོགས་ལས་འགན་ལག་བསྟར་བྱས་པས། ལྗོངས་ཡོངས་ཀྱི་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དུས་ཡུན་རིང་བའི་བདེ་འཇགས་ས་ཁུལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ལ་རྨང་གཞིའི་བརྟན་པོ་བཏིངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག