ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་འཚོ་བཅུད་ལེགས་བཅོས་མ་དངུལ་དཔྱིད་ཀ་དང་སྟོན་ཁ་བཅས་རིམ་པ་གཉིས་བགར་ནས་འགྲེམ་གཏོང་བྱེད་ཀྱིན་ཡོད་ལ། ད་ལོའི་དཔྱིད་ཀ་མ་དངུལ་སྒོར་ཁྲི6200འགྲེམ་གཏོང་བྱེད་རྒྱུ་ཡིན་པ་དང་། སློབ་མ་ཁྲི20.65ལ་ཕན་ཁེ་ཐོབ་པ་དང་དེའི་ནང་ཞིང་སྡེའི་སློབ་ཆུང་གི་སློབ་མ་ཁྲི19.75འདུས། འཚོ་བཅུད་ལེགས་བཅོས་མ་དངུལ་འགྲེམ་གཏོང་འཆར་འགོད་ནི་རང་སྐྱོང་ལྗོངས་ནོར་སྲིད་ཐིན་དང་སློབ་གསོ་ཐིན་གཉིས་མཉམ་འབྲེལ་བྱས་ཏེ་མ་དངུལ་དེ་དག་ས་གནས་སོ་སོའི་ནོར་སྲིད་ཅུའུ་དང་སློབ་གསོ་ཅུའུ་བརྒྱུད་དེ་ས་གནས་སོ་སོ་དང་རྫོང་སོ་སོའི་སློབ་གྲྭ་འགྲེམ་གཏོང་བྱེད་ཀྱིན་ཡོད་པ་རེད།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ངོ3དང5ཡི་དུས་ཚོད་བེད་སྤྱད་དེ་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང1000ལྷག་ལ་ཁྲུས་ཁང་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ད་ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར1.48བཏང་སྟེ། མཚོ་ངོས་ལས་མཐོ་བའི་སློབ་གྲྭ་ཆུང་འབྲིང་དུ“བཞི་ཡོད”བཟོ་འགོད་ལག་བསྟར་བྱེད་རྒྱུ་ཡིན་པ་དང་འཐུང་ཆུ་དང་ཁྲུས་ཁང་། དྲོད་འཁྱམས། སྔོ་ཚོད་འདེབས་ས་སོགས་སོ་སོ100རེ་འཛུགས་སྐྲུན་བྱས་ནས། གཞི་རིམ་སློབ་གྲྭའི་དགེ་སློབ་ཚོའི་འཚོ་བའི་དཀའ་ཁག་དངོས་སུ་ཐག་གཅོད་བྱེད་པ་དང་དུས་མཚུངས་སུ། ད་ལོར་འཆར་འགོད་ལྟར་སློབ་གྲྭ་དཀའ་ཁག་ཅན123ནས་དགེ་རྒན་ཚོར་འཁོར་སྤྱོད་ཁང་པ1500ལྷག་འཛུགས་སྐྲུན་བྱེད་རྒྱུ་རེད། །