ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་སྤྱི་ལོ་2014ལོའི་ཟླ་བ་གསུམ་པའི་ཚེས་གསུམ་བཅུ་སོ་གཅིག་ཉིན་རྒྱལ་སའི་གནམ་གྲུ་ཐང་ལ་དངོས་སུ་བཅའ་སྡོད་བྱས་ཏེ། པེ་ཅིང་ནས་ལྷ་སའི་བར་འཕུར་རྒྱུ་ཡིན་པ་དང་། ལམ་བར་དུ་དབྱིན་ཁྲོན་ལ་འབབ་རྒྱུ་ཡིན་ཞིང་། མཁའ་ཐོག་འགྲུལ་སྐྱེལ་གནམ་གྲུ་A319གཏོང་རྒྱུ་ཡིན་པ་རེད།
བོད་ལྗོངས་མཁའ་འགྲུལ་ནི་རྒྱལ་ནང་གི་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱིས་ཆོག་མཆན་གནང་བའི་ལྷ་སའི་གོང་དཀར་གནམ་གྲུ་ཐང་རྟེན་གཞི་བྱས་པའི་ས་མཐོའི་མཁའ་འགྲུལ་ཀུང་སི་ཐོག་མ་དེ་ཡིན་པ་དང་། བོད་ལྗོངས་ཀྱི་ས་གནས་དེ་གའི་མཁའ་འགྲུལ་ཀུང་སི་ཉག་གཅིག་དེ་ཡིན་པ་རེད། བོད་ལྗོངས་མཁའ་འགྲུལ་ཤར་གཏོང་བྱས་རྗེས། རྒྱལ་སའི་གནམ་ཐང་གིས་གཉེར་སྐྱོང་བྱས་པའི་རྒྱལ་ནང་གི་འགྲུལ་སྐྱེལ་མཁའ་འགྲུལ་ཀུང་སའི་གྲངས་འབོར་18བར་མང་དུ་ཕྱིན་ཡོད་པ་རེད། །