མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དཔེ་མཛོད་ཁང་གི་དཔེ་ཁྲིད་མུན་སེལ་སྒྲོན་མེ་ཞེས་པའི་བྱ་འགུལ་སྤེལ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-04-04 16:09

ASDasd

བོད་ལྗོངས་དཔེ་མཛོད་ཁང་གི་དཔེ་དེབ་ལྟ་ཀློག་ཅེས་པའི་བྱ་འགུལ་མགོ་ཚུགས་པའི་མཛད་སྒོ་སྤེལ་བ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན་བོད་ལྗོངས་དཔེ་མཛོད་ཁང་གིས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཆེན་མོ་པ་སངས་དབང་འདུས་ལགས་གདན་དྲངས་ནས་ཟླ་བཞི་པའི་ཚེས་དྲུག་ཉིན་བོད་ཀྱི་གནའ་རབས་ལོ་རྒྱུས་ལྟ་བ་དང་དེ་དང་འབྲེལ་བའི་གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་སྐོར་ནས་དཔེ་ཁྲིད་གནང་རྒྱུ་རེད།

    བོད་ལྗོངས་དཔེ་མཛོད་ཁང་གིས་གཙོ་གཉེར་བྱས་པའི་དཔེ་དེབ་ལྟ་ཀློག་ཅེས་པའི་བྱ་འགུལ་དེ་ནི་ཉིས་སྟོང་བཅུ་གསུམ་ལོའི་ཟླ་ལྔ་པའི་ཚེས་སུམ་བཅུ་ཉིན་མགོ་བརྩམས་ཤིང་། དེ་ལས"བོད་ལྗོངས་དཔེ་མཛོད་ཁང་གི་དཔེ་ཁྲིད་མུན་སེལ་སྒྲོན་མེ"ཞེས་པའི་ལེ་ཚན་ཁྲོད་བོད་རིག་པའི་ཆེད་མཁས་མང་པོ་གདན་དྲངས་ནས་དཔེ་ཁྲིད་གནང་གིན་ཡོད། བྱ་འགུལ་དེས་དམངས་ཡོངས་ཀྱི་སྤྱིའི་རིག་གནས་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ་པར་མ་ཟད། སློབ་ཆེན་པ་དང་བོད་ཀྱི་རིག་གནས་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་མཐུན་རྐྱེན་བསྐྲུན། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག