མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བརྒྱད་བཏང་སྟེ་མཐའ་འཁོབ་ས་ཁུལ་གྱི་སློབ་གསོའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་རེད།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-04 16:06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་མཐའ་འཁོབ་ས་ཁུལ་གྱི་སློབ་གྲྭའི་སློབ་ཁྲིད་དང་། འཚོ་བའི་སྒྲིག་ཆས་རྗེས་ལུས་ཡིན་པའི་དཀའ་གནད་ཐག་གཅོད་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས།

ཉིས་སྟོང་བཅུ་གསུམ་ལོར་བོད་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་བཞི་བཏང་སྟེ། ཇ་ཁང་རེ་བཞི་བསྐྲུན་པ་དང་། ལས་གཞི་དེས་མིག་སྔར་སློབ་གྲྭ་ཆུང་འབྲིང་གི་སློབ་མ་འབུམ་གཅིག་དང་ཁྲི་གཉིས་ལ་ཕན་ཁེ་བསྐྲུན།

ད་ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བརྒྱད་བཏང་སྟེ། ས་མཐོ་སར་ཆགས་ཡོད་པའི་སློབ་གྲྭ་ཆུང་འབྲིང་ལ“བཞི་ལྡན”ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། བཏུང་ཆུ་ལས་གཞི་དང་། ཇ་ཁང་། དྲོད་ཁྱམས་སོགས་གསར་དུ་བཙུགས་ཏེ། གཞི་རིམ་གྱི་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མ་མཐའི་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་རྒྱུ་རེད། དེ་དང་མཉམ་དུ་ད་ལོར་ཆ་རྐྱེན་ཞན་པའི་སློབ་གྲྭ་བརྒྱ་དང་ཉེར་གསུམ་ནས་མཐའ་འཁོབ་ཀྱི་དཀའ་ངལ་ཆེ་བའི་དགེ་རྒན་ལ་འཁོར་སྐྱོད་སྡོད་ཁང་སྟོང་གཅིག་དང་བཞི་བརྒྱ་བསྐྲུན་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག