མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེར་པར་ཤུགས་བསྣན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-03 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱིས2014ལོའི་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པར་ཤུགས་བསྣན་ཏེ། ས་ཁུལ་རིམ་པ་དང་རྫོང11གི་སྤྱི་པའི་གླ་ཁང་གི་ལས་གཞིའི་ས་གནས་འདེམས་པའི་བྱ་བ་ལེགས་འགྲུབ་བྱུང་ཞིང་། འཆར་གཞི་ལྟར་ན་ཟླ4བའི་ཟླ་མཇུག་ཏུ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་རེད། 

ད་ལོར་ཆབ་མདོ་ས་ཁུལ་གྱིས་སྤྱི་པའི་གླ་ཁང2122འཛུགས་སྐྲུན་བྱ་རྒྱུའི་ལས་འགན་ཡོད་དེ། འཛུགས་སྐྲུན་སྤྱིའི་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི8.488ཡོད་པ་དང་། སྤྱིལ་ཁྱིམ་ཁུལ་ཁྱིམ་ཚང3454བསྒྱུར་བཀོད་བྱ་རྒྱུའི་ལས་འགན་ཡོད་དེ་འཛུགས་སྐྲུན་སྤྱིའི་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི25ལྷག་ཡོད། དེ་མིན་འཁོར་རྒྱུག་སྡོད་ཁང1320ཉམས་གསོ་དང་བསྒྱུར་བཀོད་བྱ་རྒྱུའི་ལས་འགན་ཡོད་དེ། འཛུགས་སྐྲུན་སྤྱིའི་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི9.9བཅས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག