ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་ཞིང་ཕྱུགས་ཅུའུ་ཡིས་ནན་ནན་ཏིག་ཏིག་སྒོས་ས་ཁུལ་གྱི་སིལ་ཏོག་ཐོན་ལས་དར་སྤེལ་ལ་ཤུགས་སྣོན་པ་དང་། ཉིང་ཁྲི་རྫོང་སྨན་རི་ཤང་གི་དུད་ཁྱིམ485ཡི་རོང་འབྲོག་པ་མང་ཚོགས་ལ་རིན་མི་ལེན་པར་རིན་ཐང་སྒོར་ཁྲི350ཡི་ཀུ་ཤུ་དང་སྟེར་ཁ་སོགས་སྡོང་ཕྲུག་འདོན་སྤྲོད་བྱས་པས། འདེབས་རྒྱ་མུའུ3062ལ་སླེབས། གཞན་ད་དུང་བྱ་བ་དང་ལག་རྩལ་མཛུབ་སྟོན་ཚན་ཆུང་བཙུགས་ཏེ་མང་ཚོགས་རྣམས་ལ་ལག་རྩལ་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད་འདེབས་འཛུགས་རྗེས་ཀྱི་དོ་དམ་བྱ་བ་སྒྲུབ་བཞིན་ཡོད་ལ། སྡོང་ཕྲུག་སྐྱེས་ཤུགས་འགན་སྲུང་བྱེད་པ་དང་ལོ་བཞིའི་ནང་ལོ་ལེགས་འབྱུང་བ། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བ་བཅས་ལ་ཁག་ཐེག་བྱས།
