མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཡོངས་ཀྱི་རིག་གནས་བརྡ་འཕྲིན་མཉམ་སྤྱོད་བཟོ་འགོད་བོད་ཡིག་ཐོན་ཁུངས་འཛུགས་སྐྲུན་ལྟེ་གནས་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-02 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐད་ཡིག་གི་ཐོན་ཁུངས་མཉམ་སྤྱོད་འཛུགས་སྐྲུན་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། ཕན་འབྲས་ཡོད་པའི་སྒོ་ནས་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་རིག་གནས་ཁེ་དབང་ལ་འགན་སྲུང་ཐོབ་ཡོད་པས།  བོད་ཀྱི་རིག་གནས་སྲུང་སྐྱོང་དང་དར་སྤེལ། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།  འོན་ཀྱང་མིག་སྔའི་བར།  བོད་ལྗོངས་ནས་ད་དུང་བོད་སྐད་ཡིག་གི་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་འཛུགས་སྐྲུན་བྱས་མེད་ལ། 2007ལོ་ནས་ད་ལྟའི་བར་རིག་གནས་མཉམ་སྤྱོད་བཟོ་འགོད་ནི་བོད་རང་སྐྱོང་ལྗོངས་རིག་གནས་འཛུགས་སྐྲུན་ཡན་ལག་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བཞིན་ཡོད་པའི་བྱ་གཞག་ཡིན། 2013ལོར་སྔར་ལས་ལྷག་པར་བོད་སྐད་ཡིག་གི་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་འཛུགས་སྐྲུན་བྱ་བ་ལེགས་པོ་སྒྲུབ་ཆེད།  བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིསགོང་རིམ་ལ《རྒྱལ་ཡོངས་ཀྱི་རིག་གནས་བརྡ་འཕྲིན་མཉམ་སྦྱོད་བཟོ་འགོད་བོད་སྐད་ཡིག་ཐོན་ཁུངས་ལྟེ་གནས་འཛུགས་སྐྲུན་བྱེད་པའི་སྙན་ཞུ་ཕུལ་དང་། ཉེ་ལམ། རིག་གནས་པུའུ་རྒྱལ་ཡོངས་སྤྱི་སྤྱོད་རིག་གནས་དར་སྤེལ་ལྟེ་གནས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད།  རྒྱལ་ཡོངས་ཀྱི་རིག་གནས་བརྡ་འཕྲིན་མཉམ་སྦྱོད་བཟོ་འགོད་བོད་སྐད་ཡིག་ཐོན་ཁུངས་ལྟེ་གནས་འཛུགས་སྐྲུན་བྱེད་པར་ཆོག་མཆན་གནང་།

རྒྱལ་ཡོངས་ཀྱི་རིག་གནས་བརྡ་འཕྲིན་མཉམ་སྤྱོད་བཟོ་འགོད་བོད་སྐད་ཡིག་ཐོན་ཁུངས་ལྟེ་གནས་ཀྱིས་རྗེས་མའི་བྱ་བའི་ཁྲོད་སྔར་ལས་ལྷག་པར་བོད་སྐད་ཡིག་གི་གནའ་དཔེ་གཞི་གྲངས་ཅན་ཏུ་གཏོང་བ་དང་།  བརྙན་ཟློས་ཐོན་ཁུངས་ཀྱི་ལོ་ཙྰ་དང་བརྙན་ཕབ།  སྒྲིག་སྦྱོར།  དྲ་རྒྱའི་སྟེགས་བུ་འཛུགས་སྐྲུན་བྱེད་པ་སོགས་ལག་བསྟར་བྱེད་རྒྱུ་རེད།  ལྟེ་གནས་འཛུགས་སྐྲུན་བྱས་པ་དེས་ཁྱོན་ཡོངས་ནས་བོད་སྐད་ཡིག་གི་གཞི་གྲངས་རིག་གནས་ཐོན་ཁུངས་འཛུགས་སྐྲུན་བདེ་བླག་ངང་སྤེལ་བ་དང་།  བོད་ལྗོངས་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུའི་བྱ་གཞག་ཐད་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག