མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚན་ཉིད་རིག་པ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་སྐུ་གཤེགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-01 11:44

འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ3པའི་ཚེས30ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་དང་སྐར་མ་བཅུའི་སྟེང་། བོད་ཀྱི་གསར་བརྗེ་པ་ཆེན་མོ་དང་མར་ལེ་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་གྲགས་ཅན་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་པེ་ཅིན་དུ་སྐུ་གཤེགས་པ་དང་། དགུང་ལོ་གོ་གཉིས་རེད།

འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་ནི་སྤྱི་ལོ1922ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་དུ་འཁྲུངས་ཤིང་། ཀྲུང་དབྱང་ཆབ་སྲིད་སློབ་གྲྭས་བཙུགས་པའི་སོག་བོད་སློབ་གྲྭ་ནས་མཐར་ཕྱིན་པ་དང་། སྔ་རྗེས་སུ་ཀྲུང་གུང་ཤར་བོད་མཐའ་མཚམས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཟིའི་འགོ་གཙོ་གཞོན་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་མི་རིགས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ། སྐབས་དང་པོའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སྐབས་ལྔ་བ་དང་བདུན་པའི་རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ཨུ་སོགས་ཀྱི་འགན་བཞེས་མྱོང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག