མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-04-01 11:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་ལས་ཡུལ་དངོས་ཀྱི་བཀོད་འདོམས་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྱི་གྲོང་རྡལ་ཆུང་གྲས་རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ནས་ཟླ4པར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་གྱི་གཙོ་གཟུགས་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་དང2015ལོའི་ལོ་མཇུག་ཏུ་ཁང་པའི་ནང་གི་སྒྲིག་བཟོ་དང་། གྲོང་ཁྱེར་གྱི་ལས་གྲྭ སྐྱེད་ཚལ་འཛུགས་སྐྲུན་བཅས་ལེགས་འགྲུབ་འབྱུང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ལས་དོན་ཁག་གཏན་འཁེལ་ཟིན་པའི་དུས་ཚོད་ལྟར་བདེ་བླག་ངང་སྐུལ་སྤེལ་གཏོང་བཞིན་ཡོད། གྲོང་ཁྱེར་གྱི་རྣམ་གྲངས་ཁྲོད་ནས་རྒྱལ་ལམ318ལམ་རྒྱུད་ཀྱི་ལས་གྲྭའི་ལམ་ངོས་ཀྱི་ཨར་ལས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་ཁོད་སྙོམས་ལས་གྲྭ་དེ་ད་ལོའི་ཟླ1པོའི་ཚེས5ཉིན་ལས་འགོ་བཙུགས་པ་དང་མིག་སྔར་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཡོད། སྤྱི་པའི་འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་ཀླུ་ནང་སློབ་ཆུང་ནི་ཟླ3པའི་ཚེས15ཉིན་ཨར་ལས་ཚན་པས་ཨར་ལས་བྱེད་འགོ་ཚུགས་ཡོད། ཆུ་བེད་དང་དེ་བཞིན་མཛེས་ལྗོངས་རྣམ་གྲངས་ལ་ཨར་ལས་ཀྱི་དཔེ་རིས་ཞིབ་བཤེར་དང་ལས་གྲྭའི་སྔོན་རྩིས་བཟོ་བཞིན་ཡོད་པ་མ་ཟད། དམིག་འགུགས་སྐོར་གྱི་དུས་འགོའི་ལས་དོན་འགྲུབ་ཤིང་། རགས་རྩིས་བྱས་པ་ལྟར་ན་ཟླ5བའི་ཚེས1ཉིན་ལས་འགོ་འཛུགས་རྒྱུ་དང་ཕྱི་ལོའི་ལོ་མཇུག་ཏུ་ཡོངས་སུ་ལས་མཇུག་འགྲིལ་རྒྱུ་རེད། ཚོང་ལས་གསར་སྤེལ་རྣམ་གྲངས་ཁྲོད་ཚོང་ལས་ཁྲོམ་གཞུང་སྟེ་ལྟེ་བའི་ཐང་ཆེན་དེ་ཚོད་རྩིས་བྱས་པ་ལྟར་ན་ཟླ4བའི་ཚེས15ཉིན་ལས་འགོ་འཛུགས་རྒྱུ་དང་ད་ལོའི་ལོ་མཇུག་ཏུ་རྣམ་གྲངས་ཡོངས་རྫོགས་ལེགས་འགྲུབ་འབྱུང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག